ཡར་འབྲོག་གཡུ་མཚོའི་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2019-01-03

ཡར་འབྲོག་གཡུ་མཚོའི་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་བ།

མཚོ་འགྲམ་དུ་ཟས་འཚོལ་བའི་གཙོད།

    “དགུན་ཁ་ཤར་ཚུན། གྲོང་ཚོའི་ཉེ་འགྲམ་དུ་གཙོད་དང་ཁྲུང་ཁྲུང་མགོ་ཁྲ་སོགས་མང་དུ་ཕྱིན་འདུག”ཅེས་བོད་རང་སྐྱོང་ལྗོངས་གོང་དཀར་རྫོང་སྟོང་མདའ་ཤང་ལྕེ་ཆུང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་བཤད། གཙོད་དང་ཁྲུང་ཁྲུང་མགོ་ཁྲ་ཚང་མ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན། ལྕེ་ཆུང་གྲོང་ཚོ་འདི་ཉིད་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐམ་སའི་མཚེའུ་ཆེ་ཤོས་ཏེ་ཡར་འབྲོག་གཡུ་མཚོའི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ལོ་མང་སྲུང་སྐྱོང་ནུས་ལྡན་བྱས་པ་བརྒྱུད། གནས་དེ་ཉིད་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། གཙོད་སོགས་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར།

    ཡར་འབྲོག་གཡུ་མཚོ་ནི་ས་བབ་སྨི4400ལྷག་ཏུ་ཆགས་པ་དང་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི675ལྷག་ཡོད་པའི་ཁར། མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ130ལྷག་ཡོད་ཅིང་། གོང་དཀར་དང་སྣ་དཀར་རྩེ་རྫོང་གཉིས་དང་སྦྲེལ་ཡོད།

གོང་དཀར་རྫོང་ནགས་ལས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། སྲུང་སྐྱོང་བྱེད་ཐབས་ནུས་ལྡན་སྤྱད་པར་བརྟེན། ཉེ་བའི་ལོ་3རིང་ཡར་འབྲོག་གཡུ་མཚོའི་མཐའ་འཁོར་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར10%ཡན་མང་དུ་སོང་བ་རེད།

ཡར་འབྲོག་གཡུ་མཚོའི་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་བ།

འདམ་རའི་འགྲམ་དུ་ཟས་འཚོལ་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར།    


  • ལེ་ཚན་སྔོན་མ།:ཇ་རྟའི་ཚོང་ལམ་དུ་དེང་རབས་ཅན་གྱི་མྱུར་བགྲོད་ལྕགས་ལམ་བཏིང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་དང་ཐི་ལང་ཕུའུ་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།