གློག་གི་སྒྲོན་མེའི་འོད་ཟེར་གྱིས། དུད་ཁྱིམ་སྟོང་གི་རེ་བ་གསལ།

གངས་ལྗོངས་ཉི་གཞོན།        2018-12-25

   ཁྲོན་བོད་གློག་ཤུགས་དྲ་འབྲེལ་ལས་གཞི་ནི་རྒྱལ་ཁབ་ཀྱིས་བོད་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་འགངས་ཆེའི་འཛུགས་སྐྲུན་རྣམ་གྲངས་གྲས་ཀྱི་གཅིག་ཡིན་ཞིང་། ཏང་གི་བདེ་དྲོད་དང་ཐུགས་ཁུར་བོད་ཁུལ་གྱི་མི་སེར་མང་ཚོགས་ལ་སྐྱེལ་བའི་ཕན་བདེའི་ལས་གཞི་ཞིག་ཀྱང་ཡིན། ལས་གཞི་འདི་ཉིད་འཛུགས་སྐྲུན་བྱས་པ་བརྒྱུད། རྩ་བའི་ཆ་ནས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ས་ཁུལ་ལ་གློག་མི་འདང་བའི་གནད་དོན་ཚབས་ཆེན་དེ་ཐག་གཅོད་བྱེད་ཐུབ་ཅིང་། བོད་ལྗོངས་ཤར་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཐོན་འབྱེད་ཇེ་མགྱོགས་དང་ཐོན་ཁུངས་ལེགས་བསྒྱུར་ལ་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན།  

གློག་གི་སྒྲོན་མེའི་འོད་ཟེར་གྱིས། དུད་ཁྱིམ་སྟོང་གི་རེ་བ་གསལ།

        ལས་གཞི་འདི་ཉིད་སི་ཁྲོན་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་དང་། འབའ་ཐང་རྫོང་། ད་དུང་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་རྫོང་། འཇོ་མདའ་རྫོང་། དཔའ་ཤོད་རྫོང་། བྲག་གཡབ་རྫོང་དང་ཆབ་མདོ་རྫོང་བཅས་བརྒྱུད་ཡོད་ཅིང་། འབའ་ཐང་དང་ཆབ་མདོའི་བར་གྱི་སྟོང་ཧྥུ་500ཅན་དང་། ཆབ་མདོ་ནས་སྤང་མདའ་བར་གྱི་སྟོང་ཧྥུ་220ཅན། སྤང་མདའ་དང་གཡུ་ལུང་གི་སྟོང་ཧྥུ་220ཅན་སོགས་གློག་སྒྱུར་ས་ཚུགས་4གསར་དུ་བསྐྲུན་རྒྱུ་ཡིན་ཞིང་། སྟོང་ཧྥུ་500ཅན་གྱི་སྐུད་ལམ་སྤྱི་ལེ་1009.2དང་། སྟོང་ཧྥུ220ཅན་གྱི་སྐུད་ལམ་སྤྱི་ལེ་512ཡོད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་66.3གཏོང་འཇོག་བྱ་རྒྱུ་རེད།

གློག་གི་སྒྲོན་མེའི་འོད་ཟེར་གྱིས། དུད་ཁྱིམ་སྟོང་གི་རེ་བ་གསལ།

    འདི་ནི་མཚོ་བོད་གློག་ཤུགས་དྲ་འབྲེལ་གྱི་ལས་གཞིའི་རྗེས་སུ་སླར་ཡང་གྲང་ངར་ཆེ་ཞིང་ས་ཁད་མཐོ་བའི་རི་ཁུལ་དུ་བརྒྱུད་པའི་གློག་སྒྱུར་གློག་འདྲེན་གྱི་ལས་གཞི་གལ་ཆེན་ཞིག་ཡིན། རྒྱལ་མོ་རྔུལ་ཆུ་དང་ཟླ་ཆུ། འབྲི་ཆུ་བཅས་ཀྱི་གས་སྲུབ་ས་རྒྱུད་དེ་འཛམ་གླིང་སྟེང་ན་ས་གཤིས་ཆགས་ཚུལ་ཆེས་རྙོག་འཛིང་ཅན་དང་ས་གཤིས་ཀྱི་གནོད་འཚེ་འབྱུང་ཐེངས་ཆེས་མང་བའི་ས་ཁུལ་དུ་བརྒྱུད་ཡོད། འདི་ན་ས་ཁུལ་མང་ཆེ་ཤོས་ནི་རི་མཐོ་གཡང་གཟར་ཅན་དང་མི་མེད་ལུང་སྟོང་ཡིན་ལ་ཆ་སྙོམས་ཀྱི་མཚོ་འཕགས་སྨི་3850ཡོད་ཅིང་ཆེས་མཐོ་བའི་ས་ཁུལ་དུ་སྨི་5000ལ་ཉེ་བར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཧ་ཅང་སྟབས་མི་བདེ་བ་དང་། གནམ་གཤིས་མི་ལེགས་པ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། ཨར་ལས་ཀྱི་ཆ་རྐྱེན་ཧ་ཅང་དཀའ་ཁག་ལྡན་པས་ད་ལྟའི་བར་དུ་འཛམ་གླིང་སྟེང་ན་འཛུགས་སྐྲུན་གྱི་འགྲན་རྩོད་རང་བཞིན་ཆེས་ལྡན་པའི་གློག་སྒྱུར་གློག་འདྲེན་གྱི་ལས་གཞི་ཞིག་ཡིན།

གློག་གི་སྒྲོན་མེའི་འོད་ཟེར་གྱིས། དུད་ཁྱིམ་སྟོང་གི་རེ་བ་གསལ།

        ཁྲོན་བོད་དྲ་འབྲེལ་ལས་གཞིས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ས་ཁུལ་དུ་གློག་མི་འདང་བ་དང་གློག་མེད་པའི་རི་གྲོང་ལ་འོད་སྣང་བསྐྱལ་བ་མ་ཟད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་གནས་འདི་ན་སྒྲོན་མེ་དང་འབར་ཞུན་ལ་བརྟེན་པའི་འཚོ་བར་རྫོགས་ཚིག་བཀོད་པ་ཡིན་ནོ། །

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོ་འགོད་ལག་ཁྱེར་ཐོག་མ་དེ་སྤྲད་པ།
  • ལེ་ཚན་རྗེས་མ།:སྤྱི་ལོ༢༠༡༩ལོའི་སྤྱི་ལོའི་ལོ་གསར་སྐབས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།