སི་ཁྲོན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གླ་ཕོགས་འགྱངས་ཆད་གྱོད་དོན1384ལ་ཞིབ་གཅོད་བྱས་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2018-11-19

     ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ10པའི་ཚེས29ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་སི་ཁྲོན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གླ་ཕོགས་འགྱངས་ཆད་གྱོད་དོན1384ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། ངལ་རྩོལ་པ་དུང་ཕྱུར9.5ལ་འགྱངས་ཆད་གླ་ཕོགས་དུང་ཕྱུར9.2རྗེས་སྤྲད་བྱེད་རོགས་བྱས་ཡོད།

     ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་སི་ཁྲོན་གྱི་གླ་ཕོགས་འགྱངས་ཆད་གྱོད་དོན་དང་། མི་གྲངས། དངུལ་ཚད་བཅས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆ79དང་། བརྒྱ་ཆ53 བརྒྱ་ཆ33ཆག་ཡོད་པ་རེད། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྡེ་ཁག་གིས་སྤྱི་ཚོགས་ལ་ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་གྱོད་དོན་གལ་ཆེན་པོ70ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་འཛིན་ལས་ཁུངས་ལ་ངལ་རྩོལ་གྱི་གླ་ཕོགས་མི་སྤྲོད་པའི་དོགས་ཡོད་གྱོད་དོན178བསྐྱལ་ཡོད་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན147ལ་ཐོ་འགོད་བྱས་ཏེ་ཐག་གཅོད་བྱས་ཡོད། དོ་དམ་ཁེ་ལས4ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱེད་མཁན་གྱི་མིང་ཐོ་ནག་པོའི་ནང་འཇུག་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ9པའི་ཟླ་མཇུག་བར་དུ་སི་ཁྲོན་གྱི་ཞིང་པ་ལས་མི་མི་ཁྲི2533.7ལ་ཟིན་པ་དང་། དེའི་ནང་ཞིང་ཆེན་ནང་དུ་ལས་དོན་སྒྲུབ་མཁན་མི་ཁྲི1425.7ཡོད་པ་དང་། ཞིང་ཆེན་ཕྱི་ལ་འགྲོ་ནས་གླ་པ་བརྒྱབ་མཁན་མི་ཁྲི1108ཡོད་པ་རེད།

སི་ཁྲོན་གྱིས་ད་དུང་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་བྱེད་པར་འགན་སྲུང་བྱས་ཚུལ་ལ་ཆེད་དོན་དུ་དཔྱད་ཞིབ་བྱ་རྒྱུ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་ནན་པོ་དཀྲིས་ནས་དུས་མཚུངས་སུ་མུ་མཐུད་དེ་ཞིང་པའི་ལས་མིའི་གླ་ཕོགས་ལ་ཆེད་དོན་དུ་ཞིབ་བཤེར་བྱེད་པ་དང་ཞིང་པའི་ལས་མིའི་གླ་ཕོགས་འགྱངས་ཆད་བྱེད་པའི་གྱོད་དོན་ལ་ཆེད་དོན་དུ་བཅོས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:གནའ་ཉམས་དོད་པའི་དབྱིབས་རྙིང་རླངས་འཁོར་སྐོར་སྐྱོད་བྱེད་སྒོས་ཨའོ་མོན་རླངས་འཁོར་འགྲེམས་སྟོན་གྱི་སྒོ་མོ་འབྱེད་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་ནས་ལོ20རིང་ནགས་ཚལ་གྱི་གཞི་ཁྱོན་མུའུ་དུང་ཕྱུར་གཅིག་འཕར་ཡོད།
  • དོ་སྣང་ཆེ་བའི་རྩོམ།