ཧོང་ཅིན་ཕིང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་འཁོར་སྐོར་ཐོག་མ་འཕྱང་སྒྲིག་བྱས།
དངོས་གྲུབ་སྒྲོལ་མས་བསྒྱུར། 2015-04-15
ཉེ་ཆར་ཧོང་ཅིན་ཕིང་གི་ཆུ་གློག་ས་ཚུགས་ཀྱི་གཡོན་ངོས་སུ་གནས་པའི་བཟོ་ཁང་ཆེན་པོའི་འཕྲུལ་ཚན་འཁོར་སྐོར་བཞི་པ་འཕྱང་སྒྲིག་བྱེད་འགོ་བཙུགས་ཏེ།ལྗིད་ཚད་ཁྱོན་བསྡོམས་ཏུན139ཡོད་པའི་འཕྲུན་ཚན་འཁོར་སྐོར་དེ་དམིགས་འཛུགས་སྟེགས་གདན་ཐོག་ལ་བརྟན་པོའི་ངང་བཞག་ཐུབ་པ་བྱུང་བ་རེད།དེའི་ཐོག་ནས་འཕྲུལ་འཁོར་ཚན་པ་འདིའི་སྒྲིག་སྦྱོར་ལས་གྲྭའི་ཆུ་ཁྲིད་ས་ཚང་མ་ལས་ཚར་བ་མཚོན་པར་མ་ཟད།ད་དུང་དཀར་མཛེས་ཁུལ་གྱི་ཆུ་གློག་སྤྱི་གཉེར་ཁང་གིས་ཉིན15སྔ་སྣུར་བྱས་ནས་ཧོང་ཅིན་ཕིང་ཆུ་གློག་ས་ཚུགས་ཀྱི་ལས་གྲྭའི་ད་ལོའི་གནས་སྐབས་ཀྱི་དམིགས་འབེན་གྲུབ་ཚར་བའང་མཚོན་གྱི་ཡོད།ལས་གྲྭ་དེའི་འཕྲུལ་ཚན་ཐོག་མས་ཟླ་བ6པར་ཐོན་སྐྱེད་གློག་འདོན་བྱེད་འགོ་ཚུགས་པར་དུས་ཚོད་མང་ཙམ་བསྲི་ཐུབ་པ་རེད།
འཁོར་སྐོར་དེ་ནི་ཏུང་ཧྥང་གློག་འཕྲུལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་ཁུར་ནས་བཟོ་བ་དང་།ཀྲུང་གོ་ཆུ་གློག་གི་ཅུས་བཅུ་བཞི་པས་ཨར་ལས་སྒྲིག་སྦྱོར་གྱི་འགན་ཁུར་ཞིང་།འཁོར་སྐོར་གྱི་ཚངས་ཐིག་ལ་སྨི16དང་མཐོ་ཚད་སྨི3.6ཡོད་ལ།སྟེང་ཁེབས་དང་འོག་གདན།སྐོར་སྒྲོ་བཅུ་གསུམ་བཅས་ཚ་ལ་བརྒྱབ་པ་ལས་གྲུབ་པ་རེད།དེ་ནི་ཧོང་ཅིན་ཕིང་གི་འཕྲུན་ཚན་སྒྲིག་ཆས་ཁྲོད་ཆེས་ཆེ་བའི་བཟོ་གྲྭ་ནང་ཁུལ་དུ་གསར་བཟོ་བྱས་པའི་ལས་སྣོན་ལྷུ་ལག་ཆེ་རིགས་ཡིན་པ་རེད།།