སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐབས་བརྒྱད་པའི་སྒྱུ་རྩལ་དུས་ཆེན་དབྱི་པིང་གྲོང་ཁྱེར་དུ་འགོ་བཙུགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-10-29

སྤྱི་ཟླ10པའི་ཚེས23ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐབས་བརྒྱད་པའི་སྒྱུ་རྩལ་དུས་ཆེན་དབྱི་པིང་གྲོང་ཁྱེར་གྱི་འབྲི་ཆུའི་སྤྱི་གླིང་དུ་གཟབ་རྒྱས་ངང་འགོ་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་ལོ་བཞི་རེར་ཐེངས་རེ་འཚོགས་ཤིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་རིག་གནས་འཛུགས་སྐྱོང་གི་དོན་ཆེན་དང་བཀྲ་ཤིས་པའི་ལས་དོན་ཞིག་ཡིན་པ་རེད། སྐབས་འདིའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་ནི་ཞིང་ཆེན་རིག་གནས་ཐིང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། དབྱི་པིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་ནས་དུས་ཡུན་ཉིན་ལྔ་འཚོག་རྒྱུ་རེད། དཀར་མཛེས་དང་རྔ་བ། ལིའང་ཧྲན་བཅས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ3དང་ཁྲེང་ཏུའུ། དབྱི་པིང་། ཕན་ཀྲི་ཧྭ། ལུའུ་ཀྲོའུ། ལེ་ཧྲན། མེན་དབྱང་། གཡག་རྔ་སོགས་གྲངས་ཉུང་མི་རིགས་ཐོར་སྡོད་ས་ཁུལ7དང་། དེ་བཞིན་ལྷོ་ནུབ་མི་རིགས་སློབ་ཆེན་དང་སི་ཁྲོན་མི་རིགས་སློབ་གླིང་། རྔ་བ་དགེ་འོས་སློབ་གླིང་སོགས་ཀྱི་ཆེད་ལས་གླུ་གར་སྒྱུ་རྩལ་སློབ་གླིང5ཡི་ལེ་ཚན་འཁྲབ་སྟོན། ད་དུང་ཐེ་གོ་དང་ལི་ཐུ་ཝན། ཕོ་ལན་སོགས་ཕྱི་རྒྱལ་གྱི་ཚོགས་པས་རོགས་འཁྲབ་བྱས་ནས་མི་ཁྱོན་བསྡོམས2000ལྷག་སྒྱུ་རྩལ་དུས་ཆེན་ནང་ཞུགས་ཡོད་པ་རེད། རང་ཁུལ་གྱི་མི128ལས་གྲུབ་པའི་འཐུས་ཚབ་ཚོགས་པ་སྐབས་འདིའི་སྒྱུ་རྩལ་དུས་ཆེན་དུ་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།