ཞིན་ཧྭ་གསར་འགྱུར་དྲ་བ། 2018-10-26
ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་བཞི་ཉིན་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཧན་ཀྲིན་གྱིས་བསྟན་དོན། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་འཐབ་ཇུས་བྱེད་ཐབས་ཡིན། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཉམ་དུ་འབད་འཐབ་བྱས་པས། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་ངོས་ཟིན་མཐོར་འདེགས་གཏོང་བ། ལམ་ལུགས་གསར་གཏོད་དམ་འཛིན་བྱས་ཏེ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ནི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁུལ་ཡིན་པ་ལས། ས་གནས་ཀྱི་རང་བཞག་ས་ཞིང་མིན་པས། ཡོད་ཚད་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བསྟུན་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་དམིགས་ནས་འཚོལ་ཞིབ་དང་ཚོད་ལྟ་བྱེད་དགོས། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ནི་ལམ་ལུགས་གསར་གཏོད་ཀྱི་མཐོ་ས་ཡིན་པ་ལས། གཟིགས་སྐྱོང་སྲིད་ཇུས་ཀྱི་གཤོང་ས་མིན་པས། ལམ་ལུགས་གསར་གཏོད་ལ་དམ་དུ་དམིགས་ནས་ཚོང་རའི་གསོན་ཤུགས་ཆེར་སྐྱེད་དགོས་ཟེར།
ཧན་ཀྲིན་གྱིས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་འབུར་ཐོན་བྱས་ནས། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཆང་ཚོགས་འདུར་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10