རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།

        2018-10-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་བཅུ་གཉིས་པ་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུངས་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྐད་དང་ཡི་གེ་ཡོངས་ཁྱབ་ངང་བཀོལ་རྒྱུ་ནི་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པའི་སྦྲེལ་ཐག་དང་མི་རིགས་མཐུན་སྒྲིལ་གྱི་རྨང་རྟེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐད་དང་ཡི་གེ་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། སྐད་དང་ཡི་གེ་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་བཀོལ་བ་ཡིན་ན། དེས་རྒྱལ་དམངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་མི་རིགས་འགྲོ་འོང་གི་འབྲེལ་བ་ཇེ་དམ་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པའི་ཐད་ངོས་ཟིན་ཡང་དག་འདྲོངས་པར་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་ཡུལ་བབ་དང་བསྟུན་པ། ངོས་ཟིན་གཅིག་གྱུར་མིན་པ་སེལ་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། བར་མ་ཆད་པའི་སྒོ་ནས་སྐད་དང་ཡི་གེ་ཡོངས་ཁྱབ་ངང་བཀོལ་བའི་ཆུ་ཚད་ཇེ་མཐོར་བཏང་ནས། མི་རིགས་བསྐྱར་དར་མངོན་དུ་འགྱུར་བར་འདེགས་སྐྱོར་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།


  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཧན་ཀྲིན་གྱིས་ཁྲིན་ཏུའུ་ཡི་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།