ལིས་ཁི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ལ་མཇལ་འཕྲད་གནང་།

        2018-10-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་བཅུ་གཉིས་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུའུ་ཧྲང་པེ་ནས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་ནི་མཛའ་མཐུན་ཁྱིམ་མཚེས་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། མཉམ་སྦྲེལ་མཉམ་མཐུད་སོགས་ཀྱི་ཁྱབ་ཁོངས་སོ་སོ་ནས་ལས་གཞིའི་མཉམ་ལས་རབ་དང་རིམ་པ་ལག་བསྟར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕན་ནུས་མཐོ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ནུས་མཉམ་ལས་བྱེད་པ་དང་ཞིང་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོན་འདོན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་སང་ལོའི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་བཟང་བོར་བསྒྲུབ་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་སྒོས་སྤེལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཨ་ལིས་པོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མ་ཟད། མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་མུ་མཐུད་དུ་རྒྱ་སྐྱེད་འདོད་ཡོད་ཟེར།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་བུ་བཅོལ་ཁང་གི“སློབ་ཆུང་ཅན”བཅོས་སྐྱོང་བྱེད་པའི་ལས་ཀའི་ཇུས་གཞི་བཀྲམ་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།