ཀྲུང་གོ་བོད་ཀྱི་དྲ་བ། 2015-04-10
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གསོ་རིག་སློབ་གླིང་དཔེ་མཛོད་ཁང་གི་འགན་འཁུར་བ་རྡོ་རྗེ་སྒྲོལ་དཀར་གྱིས་བཤར་རྒྱུར། བོད་ལྗོངས་གསོ་རིག་སློབ་གླིང་དཔེ་རྙིང་ཡིག་ཆ་བཅོས་སྒྲིག་ཚན་ཁག་གི་བྱ་བར་བརྟེན་ནས། གསོ་རིག་སློབ་གླིང་དཔེ་མཛོད་ཁང་གི་འབྲེལ་ཡོད་མི་སྣས་དུས་ཡུན་ལོ10ཡི་དུས་ཚོད་བེད་སྤྱད་དེ་འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ལུགས་གསོ་རིག་སྐར་རྩིས་དཔེ་རྙིང་ཆ་འཕྲིན་ལྟེ་གནས་བསྐྲུན་རྒྱུ་ཡིན་ཞིང་། རྣམ་གྲངས་འདི་ནི་མིག་སྔའི་བར་དུ་ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་བོད་ལུགས་གསོ་རིག་དཔེ་རྙིང་འཚོལ་སྡུད་དང་། བཅོས་སྒྲིག བཤར་འབེབས་བྱེད་པའི་རྣམ་གྲངས་ཤིག་ཡིན་ཏེ། 2013ལོར་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་མ་དངུལ་སྒོར་ཁྲི1100ཐོབ་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10