རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ་གྱོད་གཞིའི་འབྲེལ་ཡོད་ལས་དོན་མི་སྣའི་འགན་འཁྲི་བདའ་འདེད་བཏང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-08-29

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས་ཅི་ལིན་ཁྲང་ཁྲོན་ཁྲང་ཧྲེང་སྤྱི་གཉེར་ཁང་གི་གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ་གྱོད་གཞི་ལས་དོན་དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་སྒྲུབ་པས་ལྟ་སྐུལ་དོ་དམ་གནད་ལ་འཁེལ་པོ་མ་བྱས་པ་དང་། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་མི་འདང་བ། ཞིབ་བཤེར་འགག་སྒོ་ནན་པོ་མ་བསྲུངས་པ། ཞིབ་དཔྱད་མ་བྱས་པ་དང་འགན་འཁྲི་མ་ཁུར་བ་སོགས་ཀྱི་སྐྱོན་ཆ་མང་པོ་ལྷག་པ་མངོན་ཡོད། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཡི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པར་བརྒྱུད། གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ་གྱོད་གཞིའི་འབྲེལ་ཡོད་ལས་དོན་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་གཤམ་གསལ།

   དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)སྨན་རྫས་དང་བྱུག་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་བཟའ་བཅའ་སྨན་རྫས་ཞིབ་བཤེར་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཏིང་ཅན་ཧྭ་གནས་དབྱུང་གཏང་རྒྱུ་དང་།དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)སྨན་རྫས་དང་བྱུག་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་གཞོན་པ་ཏུང་རུན་ཧྲེང་གནས་དབྱུང་གཏང་རྒྱུ། དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)སྨན་རྫས་དང་བྱུག་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་གཞོན་པ་སུན་ཅིང་ལིན(2014ལོའི་ཟླ་11ནས་2017ལོའི་ཟླ་4པའི་བར། དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཟའ་བཅའ་སྨན་རྫས་ཞིབ་བཤེར་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་ཁུར་བ)གནས་དབྱུང་གཏང་རྒྱུ། དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)སྨན་རྫས་དང་བྱུག་རྫས་ལྟ་སྐུལ་དོ་དམ་སི་དམིགས་བསལ་སྨན་རྫས་ལྟ་སྐུལ་དོ་དམ་ཁྲུའི་ཁྲུའུ་ཀྲང་ཡེ་གོ་ཆིང་གནས་དབྱུང་གཏང་རྒྱུ། དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)སྨན་རྫས་དང་བྱུག་རྫས་ལྟ་སྐུལ་དོ་དམ་སི་དམིགས་བསལ་སྨན་རྫས་ལྟ་སྐུལ་དོ་དམ་ཁྲུའི་བརྟག་ཞིབ་པ་ཀུའོ་ཤིའུ་ཞ་གནས་དབྱུང་གཏང་རྒྱུ། ཀྲུང་གོ་བཟའ་བཅའ་སྨན་རྫས་ཞིབ་བཤེར་གཏན་འབེབས་ཞིབ་འཇུག་ཁང་གི་ཡོའན་ཀྲང་གཞོན་པ་ཝང་ཡིའུ་ཁྲུན་གནས་དབྱུང་གཏོང་རྒྱུ། ཀྲུང་གོ་བཟའ་བཅའ་སྨན་རྫས་ཞིབ་བཤེར་གཏན་འབེབས་ཞིབ་འཇུག་ཁང(དེ་སྔའི་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་བཅོས་ཡོ་བྱད་ཚད་ལྡན་དོ་དམ་ལྟེ་གནས)གི་ཡོའན་ཀྲང(ཀྲུའུ་རེན)ལི་པོ་ལ་རང་བཤེར་ནན་པོ་བྱེད་དགོས་པའི་འགན་དཀྲི་རྒྱུ་བཅས་སོ།


  • ལེ་ཚན་སྔོན་མ།:ཝང་ཡང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:ཕིང་ཕང་སྤོ་ལོའི་བུད་མེད་ཚོགས་པའི་ཨང་དང་པོ་ཀྲུང་གོའི་རུ་ཁག་གིས་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།