བོད་ཀྱི་ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་ས་ཚུགས་ཆེ་ཤོས་བཙུགས་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-08-16

   ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ8ཚེས8ཉིན་འབྱོར་བའི་གཏམ་གསར། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི1620བཏང་བའི་ལྷ་ས་ཚན་རྩལ་ཁེ་ལས་གསོ་སྦྱོང་ས་ཚུགས་ཚེས8ཉིན་བཙུགས་པ་རེད།

    མིག་སྔར་བོད་ཀྱི་ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་ས་ཚུགས་ཆེ་ཤོས་དེས་མ་དངུལ་བསྡུ་སྒྲིལ་དང་། སྲིད་ཇུས། ལག་རྩལ། ཁྲོམ་རར་ཁྱབ་གདལ། ཤེས་ཡོན་པ་སོགས་ཀྱི་ཐད་སྦྲེལ་མཐུད་ཀྱི་ཞབས་འདེགས་ཞུ་བ་དང་ཕྱོགས་ཚང་མ་དང་སྦྲེལ་ཐག་ཚང་མའི་ཐོག་ནས་ཁེ་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ་ཁེ་ལས་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་གཏོང་ཆེད་རམ་འདེགས་བྱ་རྒྱུ་རེད།

   ས་ཆ་བཟུང་ཚད་སྨི་བཞི་མ་ཁྲི1.6ལ་ཟིན་པའི་ལྷ་ས་ཚན་རྩལ་ཁེ་ལས་གསོ་སྦྱོང་ས་ཚུགས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཞབས་འདེགས་ཞུ་ཡུལ་དུ་བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་ཁེ་ལས་ལ་གཞུང་དོན་གྱི་ཆ་རྐྱེན་བསྐྲུན་རྒྱུར་མ་ཟད། ད་དུང་སྲིད་ཇུས་དང་། དོ་དམ། བཅའ་ཁྲིམས། ནོར་དོན། མ་དངུལ་བསྡུ་སྒྲིལ། གསོ་སྦྱོང་སོགས་ཀྱི་ཞབས་འདེགས་ཀྱང་ཞུ་རྒྱུ་རེད། མིག་སྔའི་བར་དེར་གནས་སྡོད་བྱེད་མཁན་ཁེ་ལས50ལྷག་ཙམ་ཟིན་པའི་ནང་གློག་རྡུལ་ཚན་རྩལ་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ། ས་གཙང་བདེ་ཐང་ཞིང་འབྲོག་ཚན་རྩལ། དངུལ་རྩ། མཉེན་ཆས་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ཚུད་པ་མ་ཟད། སློབ་ཆེན་སློབ་མར་ལས་ཞུགས་དངོས་སྦྱོང་ལས་གནས150ལྷག་ཙམ་མཁོ་འདོན་བྱས་ནས་མི500ལྷག་ཙམ་ཞོར་ལ་ལས་ཞུགས་ཐུབ་པ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་དབང་ལིན་གྱིས་གསོ་སྦྱོང་ས་ཚུགས་ཀྱིས་སློབ་ཆེན་སློབ་མར་ལས་གཏོད་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་གཞུང་དོན་སྒྲུབ་ཡུལ་རིན་མེད་ངང་མཁོ་འདོན་བྱས་ཏེ། རྩིས་པ་དང་། རྩིས་བཤེར། ཁྲིམས་རྩོད་པ། དངུལ་ཁང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་གཞི་སོགས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་ཞབས་ཞུའི་འོག གནས་སྡོད་བྱེད་མཁན་ཁེ་ལས་ལ་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཆུང་ནས་སྟོབས་ཆེའི་བར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་མ་ཟད། དེ་དག་ཁྲོམ་རར་བཏོན་ནས་འཕེལ་རྒྱས་ཡོང་རྒྱུར་ཡང་རམ་འདེགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    ད་ཕན་ལོ་ཤས་རིང་བོད་ཀྱིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར་བོད་ལ་ཀུན་གཏོད་བར་མཐོངས་27དང་། ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་ས་ཚིགས5 མཐོ་སློབ་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྦྱོང་རྟེན་གཞི2བཅས་ཡོད་པ་དང་། རིགས་ཁག་གི“གཉིས་གཏོད”ལས་སྟེགས་ཀྱིས་གསར་གཏོད་ལས་གཏོད་ཁེ་ལས700ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་སློབ་མཐར་ཁེ་ལས200ཙམ་ལ་གསོ་སྦྱོང་བྱས་ཡོད། “གཉིས་གཏོད”དེ་སྔོན་མའི་མ་དངུལ་རོགས་སྐྱོར་རྐྱང་པ་ནས་ཕྱོགས་ཚང་མའི་ཞབས་ཞུའི་མ་ལག་ཏུ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཚན་རྩལ་འཚོལ་ཞིབ་ཐེངས་མང་བྱས་ནས་མཚོ་བོད་ས་མཐོའི་འཁྱགས་སའི་གནོད་འཚེའི་སྔོན་བརྡ་མཁོ་འདོན་བྱས་པ།
  • ལེ་ཚན་རྗེས་མ།: པུའུ་གཉིས་ཀྱིས་སྒོར་དུང་ཕྱུར2.5བཏང་ནས་སི་ཁྲོན་དང་ནང་སོག་ལ་དྲག་ཆར་བབས་ནས་ཆུ་ལོག་བྱུང་བའི་གནོད་འཚེ་འགོག་པར་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།