རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་འཚོག་འགོ་ཚུགས།

སྐལ་ཐུབ་དང་བཀྲ་ཤིས།        2018-07-23

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་འཚོག་འགོ་ཚུགས།

སྤྱི་ཟླ7པའི་ཚེས23ཉིན་གྱི་སྔ་དྲོར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལ་འཚོག་འགོ་ཚུགས་པ་རེད། པེ་ཅིན་དང་ལྷ་ས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ལྗོངས་དང་ཞིང་ཆེན་ནས་བྱུང་བའི་བོད་ཡིག་སྨྱན་སྦྱོར་སྡེ་ཚན༧༠ལྷག་གི་མི༡༠༠ལྷག་གྲོས་ཚོགས་སུ་ཞུགས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་དང་སྒྲིག་སྤྱི་གཞོན་པ་ཡེ་ཤེས་རྒྱ་མཚོས་འགོ་ཚུགས་མཛད་སྒོ་གཙོ་འགན་བཞེས་ཤིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་སྤྱི་ལིའོ་ཅ་ཞིང་གིས་སྒྲུབ་འགན་འཁུར་ཕྱོགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡི་གྲུབ་མི། སྒྲིག་སྤྱི་གཞོན་པ་ཚེ་མགོན་གྱིས་སྨྱན་སྦྱོར་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ། བོད་རང་སྐྱོང་ལྗོངས་བོད་སྐད་བརྡ་ཆད་ཚད་ལྡན་ལས་དོན་ཨུ་ལྷན་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བཀས་བཅད་པའི་བརྡ་གསར་སྤྱི་བསྒྲགས་བྱ་རྒྱུའི་གསལ་བཤད་བྱས་པ་རེད། ཚོགས་ཐོག་ད་དུང་བོད་ཡིག་སྨྱན་སྦྱོར་ལས་ཀར་བྱས་རྗེས་ཡོད་པའི་འགོ་ཁྲིད་རྒན་པ་རྣམས་ལ་ཁ་བཏགས་ཕུལ་བ་རེད།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་འཚོག་འགོ་ཚུགས།

བོད་རང་སྐྱོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་གིས་ལོ་འདི་ཚོའི་རིང་བོད་རང་སྐྱོང་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་ཁྱབ་ཁོངས་ཁྲོད་དུ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་ཐོག་ད་དུང་ཆེད་རམས་པ་ཧའོ་ཡན་ལུང་གིས་བོད་ཡིག་རིག་ནུས་སྐད་བརྡའི་ཡིག་སྒྱུར་མཉེན་ཆས་འགྲེམས་སྤེལ་བྱས་པ་རེད།

དུས་ཡུན་ཉིན་ལྔའི་ནང་དུ་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་བ། སྨྱན་སྦྱོར་གསར་པ་བཅས་ཀྱི་ཐོག་ནས་བཀོད་པའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དང་ཇུས་འགོད། འགྱུར་ཡིག དཔྱད་རྩོམ། པར་ངོས་སོགས་ལ་དཔྱད་བཤེར་བྱ་རྒྱུ་དང་། རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཞི་པའི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ཡིག་སྒྱུར་ཁྲོད་དུ་བྱུང་བའི་བཀས་བཅད་ཐ་སྙད་གསར་པ་ཁྱབ་བསྒྲགས་དང་ད་ལོའི་ཡིག་སྒྱུར་སྐོར་གྱི་ཐ་སྙད་གསར་པར་ཞིབ་བཤེར་གཏན་འཁེལ་བྱ་རྒྱུ།  སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་གཙོ་དོན་གླེང་སྟེགས་བཙུགས་ནས་ཉམས་མྱོང་སྤེལ་རེས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདི་ཚོའི་རིང་ལ་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་བསྡུ་ཐབས་གསར་གཏོད་དང་གྲོས་ཚོགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཆ་འཕྲིན་འཛམ་གླིང་ཅན་གྱི་གོམ་སྟབས་དང་བསྟུན་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་འཚོག་འགོ་ཚུགས།

  • ལེ་ཚན་སྔོན་མ།:ཕེང་ཆིང་ཧྭ་འབྲུབ་འགོག་གནོད་སེལ་གྱི་འབྲེལ་ཡོད་སྡེ་ཁག་ཏུ་རྟོག་ཞིབ་ལ་ཕེབས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7ལས་བརྒལ་ནས་མི་ཁྲི5200ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས།
  • དོ་སྣང་ཆེ་བའི་རྩོམ།