ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུའུ་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

        2015-04-01

ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུའུ་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།མཇལ་འཕྲད་མ་མཛད་གོང་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་ཁི་སི་ཀི་ལོ་ཧྥུའུ་ལ་དགའ་བསུ་ཞུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་དགའ་བསུ་ཞུས།དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁི་སི་ཀི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།ཞི་ཅིན་ཕིང་གིས་ཁི་སི་ཀི་ལོ་ཧྥུའུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་སུ་ཞུགས་པར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་མགོ་ཚུགས་པའི་ལོ་ཡིན་ལ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད།ངས་སྐུ་ཞབས་ཙུའུ་ཏུའུ་དང་ཙུང་ལི་ཨ་པོ་ཐི་གཉིས་དང་འབྲེལ་འདྲིས་བྱས་ནས།མཐོ་རིམ་བར་གྱི་འགྲོ་འོང་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ལ།ཕྱོགས་གཉིས་ཀྱིས་སྐོར་གསར་བའི་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་ལོ་འདིའི་དུས་བཅད་ཐུག་འཕྲད་སོགས་ལམ་ལུགས་རང་བཞིན་གྱི་གྲོས་མོལ་བཟང་བོར་བྱེད་དགོས་པར་མ་ཟད།རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བར་གྱི་འགྲོ་འོང་བཅས་ལ་ཤུགས་སྣོན་དགོས་ཟེར།
ཁི་སི་ཀི་ལོ་ཧྥུའུ་ཡིས་བཤད་རྒྱུར།ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ན་གཞོན་དམག་དཔོན་དང་དམག་དཔུང་གི་མཐོ་རིམ་མགོ་ཁྲིད་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་།ཀྲུང་གོ་ཕྱོགས་དང་ཁྲིམས་འཛིན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་པར་མ་ཟད།ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད་ཟེར།  ། 
 
  • ལེ་ཚན་སྔོན་མ།:2015ལོར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གློག་དྲ་ལེགས་བསྒྱུར་བཟོ་འགོད་ཐད་མ་དངུལ་སྒོར22གཏོང་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་དག་གཙང་གྲོང་ཁྱེར་གྱི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།