ཡེ་ཤེས་ཀྱིས་བསྒྱུར། 2018-07-03
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ6པའི་ཚེས26ཉིན་འབྱོར་བའི་གཏམ་གསར། དབུལ་ཕོངས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོའི་དབུལ་ཐར་འབབ་འཕར་གྱི་གོམ་སྟབས་མགྱོགས་སུ་གཏང་ཆེད། གོང་ཚེས་ཉིན་ཞིང་ལས་པུའུ་ཡིས་རྒྱལ་ཡོངས་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་མཐུད་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཐེངས་དང་པོར་སྤེལ་བའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་མཐུད་བྱེད་སྒོའི་ཡུལ་དངོས་སུ་གན་རྒྱ་འཇོག་པའི་མ་དངུལ་སྒོར་དུང་ཕྱུར54ལས་བརྒལ་བ་དང་། ཉོ་ཚོང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར127ལ་ཟིན་པ་དང་ཉོ་ཚོང་བྱེད་ཚད་ཧ་ལམ་ཏུའུ་ཁྲི252.6ལ་ཟིན་པ་རེད།
ཞིང་ལས་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུ་ཡིས་གསུངས་དོན། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དེས་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོར་ཡོང་འབབ་འཕར་བའི་ཐབས་ལམ་བརྟན་པོ་ཐོབ་ཐུབ་པར་མ་ཟད། ད་རུང་གྲོང་ཁྱེར་ཡུལ་མིའི་ཟས་སྣ་ཕུན་སུམ་ཚོགས་པོ་གཏོང་རོགས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུའི་དགོས་མཁོ་ཡང་སྐོང་ཐུབ་པ་རེད། ད་ལོའི་ཐོན་རྫས་ཐོན་སྐྱེད་ཉོ་འཚོང་སྦྲེལ་མཐུད་བྱེད་པའི་བྱེད་སྒོའི་ནང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ཕྱིར་འཚོང་སར་འགྲོ་བ་དང་། ཞིང་ལས་ཐོན་རྫས་ཀྱི་དྲྭ་ཐོག་གི་ཚོང་དོན་ལས་གཞི་གྲོང་ཚོའི་ཕྱིར་གཏོང་བའི་ལས་གཞི། གཅེས་སེམས་དབུལ་སྐྱོར་བྱེད་པའི་ཉོ་འཚོང་གི་སྤྱི་ཕན་བྱེད་སྒོ། ཁྱད་ཆོས་ལྡན་པའི་ཞིང་ལས་ཀྱི་སྤུས་རྟགས་གསར་གཏོད་བྱེད་པའི་བྱེད་སྒོ། ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་ཚོང་ར་བསྐྲུན་རྒྱུའི་ལས་གྲྭ། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱ་རྒྱུ་མཐུད་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་བཅས་བྱེད་སྒོ་ཆེ་གྲས་དྲུག་སྤེལ་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10