ཨོ་རྒྱན་གྱིས་བསྒྱུར། བོད་མིའི་རིག་གནས་དྲ་བ་ལས་དྲངས། 2018-07-02
དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་མའི་སློབ་རའི་འཚོ་བ་ཕུན་ཚོགས་སུ་གཏང་རྒྱུ་དང་བོད་རྒྱ་ཡིག་གི་རྩོམ་འབྲིའི་ནུས་པ་མཐོར་འདེགས་ཡོང་ཆེད། ཁམས་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་། གངས་དཀར་རི་བོའི་དུས་དེབ་ཀྱི་རྩོམ་པ་པོ་དང་ཀློག་པ་པོའི་སྡེ་ཇེ་མང་དང་འཐུས་ཚང་བཅས་ལ་དམིགས་ནས། གངས་དཀར་རི་བོའི་དུས་དེབ་སློབ་གླིང་དུ་བསྐྱོད་པའི་རིག་རྩལ་བྱེད་སྒོ་དེ2018 ལོའི་ཟླ 6 ཚེས 28 ཉིན་ལ་སི་ཁྲོན་མི་རིགས་སློབ་གླིང་དུ་སྤེལ་ཡོད་པ་རེད།
སི་ཁྲོན་མི་རིགས་སློབ་གླིང་གི་གླིང་གཙོ་ཝང་ཡན་མིང་གིས་བྱེད་སྒོ་ལ་གཙོ་སྐྱོང་གནང་བ་དང་། དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཀྱི་འགན་བཞེས་པ་ལིའི་ཆིང་ཡིང་གིས་ཁམས་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་གནས་ཚུལ་ཞིབ་རྒྱས་ཀྱིས་ངོ་སྤྲོད་དང་ཁམས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ཆེས་འཐུས་ཚང་རང་བཞིན་གྱི་རྩོམ་པ་པོའི་མཐུན་ཚོགས་ཤིག་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། གངས་དཀར་རི་བོའི་དུས་དེབ་ཁང་གི་གཙོ་སྒྲིག་པ་ནད་མེད་ཕུན་ཚོགས་སོགས་ཀྱིས་གངས་དཀར་རི་བོ་དུས་དེབ་ཁང་གི་རྒྱ་བོད་ཡིག་གི་གངས་དཀར་རི་བོ་དུས་དེབ་ཀྱི་གནས་ཚུལ་དང་འབྲེལ་ཡོད་ངོ་སྤྲོད་གནང་བ་དང་སློབ་མ་དག་ལ་ཁམས་ཀྱི་རྩོམ་རིག་དང་རིག་གནས་ལ་ལྟ་ཀློག་དགོས་པའི་འབོད་སྐུལ་དང་རྒྱ་བོད་ཡིག་གི་གངས་དཀར་རི་བོ་དུས་དེབ་ལ་རྩོམ་རིག་གིས་རྒྱབ་སྐྱོར་དགོས་པའི་སྐོར་གྱི་གསུང་བཤད་གནང་བ་རེད།
ཐེངས་འདིའི་དུས་དེབ་སློབ་གླིང་དུ་བསྐྱོད་པའི་རིག་རྩལ་བྱེད་སྒོ་ལ་སི་ཁྲོན་མི་རིགས་སློབ་གླིང་དྲིལ་སྒྲོག་པུའུ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་རྩོམ་རིག་སློབ་གླིང་དང་བོད་རིག་པ་སློབ་གླིང་བཅས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་འོག་ཏུ་དགེ་སློབ300ཙམ་བྱེད་སྒོར་ཞུགས་ཤིང་། ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དང་གངས་དཀར་རི་བོ་དུས་དེབ་ཁང་གཉིས་ཀྱིས་སི་ཁྲོན་མི་རིགས་སློབ་གླིང་གི་རྩོམ་རིག་སློབ་གླིང་དང་བོད་རིག་པའི་སློབ་གླིང་གཉིས་ཀྱི་དགེ་སློབ་དག་ལ་ཁམས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དེབ་ཕྲེང་དང་རྒྱ་བོད་ཡིག་གི་གངས་དཀར་རི་བོ་ཟླ་ཟུང་དུས་དེབ་བཅས་ཁྱོན་དེབ700ལྷག་དཔེ་སྦྱིན་བྱས་ཡོད་པ་རེད།
༼རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10