མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར100ལས་བརྒལ་བའི་རྨ་འབྲི་རྫ་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གི་དུས་རིམ་གཉིས་པའི་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2018-06-27

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ6པའི་ཚེས20ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གྲྭ་ལག་བསྟར་བྱས་ནས་ལོ5ཡི་རིང་ལ་རྒྱལ་ཁབ་ཀྱིས་ས་ཁུལ་འདི་གར་བཏང་བའི་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར100ལས་བརྒལ་བ་རེད། ད་སྔ་ས་གནས་འདི་གའི་སྐྱེ་ཁམས་ཁོར་ཡུག་བརྟན་ཁྲོད་བསྐྱར་གསོ་བྱུང་ནས་སྲུང་སྐྱོང་གི་གྲུབ་འབྲས་ཐོག་མར་ཐོབ་པ་རེད།

རྨ་འབྲི་རྫ་གསུམ་གྱི་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་ཅིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་དང་ཆུ་རྩའི་གསོ་འཁྱོངས་ས་ཁུལ་ཡིན་པ་རེད། དུས་རབས20པའི་དུས་མཇུག་ཏུ་འགྲོ་བ་མིའི་བྱེད་སྒོ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་རྐྱེན་པས་ས་ཁུལ་དེ་གའི་སྐྱེ་ཁམས་རིམ་བཞིན་ཞན་དུ་གྱུར་པ་རེད། 2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ9ཡི་རིང་ལ་རྨ་འབྲི་རྫ་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་དུས་རིམ་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར76.5བཏང་སྟེ་ས་ཁུལ་དེའི་སྐྱེ་ཁམས་ཉམས་ཞན་འགྲོ་བའི་གནས་ཚུལ་གཞི་རྩའི་ཐོག་གཏན་འགོག་བྱས་ཐུབ་ཡོད་པ་རེད། 2014ལོའི་སྤྱི་ཟླ་དང་པོར་མ་དངུལ་དེ་བས་མང་པོ་གཏོང་འཇོག་དང་ཚད་གཞི་དེ་བས་ནན་པོའི་དུས་རིམ་གཉིས་པའི་ལས་གྲྭ་མུ་མཐུད་ནས་སྤེལ་འགོ་བཙུགས་ཏེ་སྐྱེ་ཁམས་བསྐྱར་གསོ་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི39.5ལ་ཟིན་པ་རེད།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་ཆུ་འགོའི་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ། ད་ལོའི་ས་ནག་གྲམ་ཐང་བཅོས་སྐྱོང་དང་རྩྭ་ཐང་ཐོག་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན། བྱེ་ཐང་ཅན་དུ་འགྱུར་བར་འགོག་བཅོས་སོགས་ཀྱི་ལས་གཞིའི་ཐད་སྤྱད་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས600ལྷག་ཙམ་གཞི་གྲངས་ཅན་ལ་བརྟེན་ནས་རིན་ཐང་གསར་པ་མངོན་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།