བཙན་ལྷ་ནས་སློབ་གསོའི་དབུལ་སྐྱོར་གྱི་གྲོས་ཡིག་ལ་མིང་རྟགས་བཀོད།

        2018-06-26

  གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་དབུལ་སྐྱོར་གནད་འཁེལ་གྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོའི་དབུལ་སྐྱོར་གནད་འཁེལ་གྱི་རོགས་སྐྱོར་འབྲེལ་བ་འཛུགས་ཆེད། ཉེ་ཆར། བཙན་ལྷ་རྫོང་དང་ཀྱྰ་ཤེང་སློབ་གསོའི་ཚོགས་པ་གཉིས་ཀྱིས་སློབ་གསོའི་དབུལ་སྐྱོར་གནད་འཁེལ་གྱི་གྲོས་ཡིག་ཐོག་ལ་མིང་རྟགས་བཀོད། རྨང་གཞིའི་སློབ་གསོ་དང་དགེ་རྒན་གྱི་དཔུང་སྡེ། སློབ་གསོའི་ཞིབ་འཇུག་སློབ་གསོ་ཆ་འཕྲིན་ཅན་སོགས་ཀྱི་བརྗེ་རེས་དང་མཉམ་འབྲེལ་རྒྱ་བསྐྱེད་བཏང་སྟེ། བཙན་ལྷའི་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་སུ་བཅུག

  གྲོས་ཡིག་ལྟར་ན། ཕྱོགས་གཉིས་ཀྱིས་བཙན་ལྷ་རྫོང་གི་སློབ་གསོའི་དབུལ་སྐྱོར་རོགས་སྐྱོར་གྱི་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། བྱེད་སྒོའི་མཛུབ་སྟོན་དང་ཆེད་མཁས་བློ་འདྲི། བརྗོད་དོན་ཟབ་སྦྱོང་དང་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་ནས་བཙན་ལྷ་རྫོང་གི་ཆུང་འབྲིང་སློབ་གྲྭར་ཕུལ་བྱུང་གི་དགེ་རྒན་སྐོར་ཞིག་གསོ་སྐྱོང་བྱེད་རོགས་བྱས་པ་དང་། ད་དུང་དྲྭ་རྒྱའི་ཐོག་གི་སློབ་གསོའི་ཐོན་ཁུངས་ལེགས་པ་བསྡུ་སྒྲིག་བྱས་ནས། བཙན་ལྷ་རྫོང་ལ་དྲྭ་རྒྱའི་སློབ་ཁྲིད་ལག་རྩལ་དང་སློབ་ཐུན་འདོན་སྤྲོད་བྱས། 
  མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཏུ། ཁྲིན་ཏུའུ་ཀྱྰ་ཤེང་སློབ་གསོའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་སི་ཁྲོན་ཅྰ་ཡུས་འཛུགས་སྐྲུན་ཚད་ཡོད་ཀུང་སི་གཉིས་ཀྱིས་བཙན་ལྷའི་སློབ་སྦྲིང་ལ་དམངས་སྒོར་འབུམ་ལྔའི་ཞལ་འདེབས་ཕུལ་ཡོད་ལ། བཙན་ལྷ་སློབ་འབྲིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:རང་ཞིང་གིས་གྲོང་གསེབ་དར་རྒྱས་སུ་གཏོང་བའི་ཁྲིད་སྤྱོང་ཁང་བཙུགས་ཏེ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཏང་སྲིད་རྟོག་ཞིབ་ཚོགས་པ་སྣེ་ཁྲིད་མཛད་ནས་ཕན་ཀྲི་ཧྭ་གྲོང་ཁྱེར་དང་ལེའང་ཧྲན་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།