སློབ་གསོ་པུའུ་དང་ས་གནས་ཁག་དབར2018ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཤར་གཏོང་ཐུབ་པ།

    མི་དམངས་དྲ་བ།    2018-06-07

  མཐོ་རྒྱུགས་གཏོང་ཉེའི་མཚམས་སུ་སློབ་གསོ་པུས་ཚེས4ཉིན་གཞུང་ཕྱོཌ་དྲ་ཚིགས་ཐོག་སློབ་གསོ་པུའུ་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་བསྡུ་རྒྱུགས་ལེན་སྒྲིག་གཞིས2018ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པ་རེད།
 སློབ་གསོ་པུས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས2018ལོའི་མཐོ་རྒྱུགས་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་ཐེར་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། སློབ་གསོ་པུའུ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐེར་འདོན་གོང་ཞུའི་ཁུངས་སྣེར་གཞིགས་ནས་འཕྲལ་མ་ཉིད་དུ་ཞིབ་དཔྱད་དང་ཐག་གཅོད་བྱས་ཏེ་མཐོ་རྒྱུགས་དྲང་བདེན་དྲང་གཞག་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:འབྲི་ཆུའི་ཆུ་འགོའི་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་འབོར་ཆེན་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།