ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།

    ཀྲུང་གོ་བོད་ལྗོངས་དྲ་བ།    2018-06-07

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།

2018ལོའི་ཟླ་6ཚེས་6ཉིན་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་གསར་སྤེལ་གནང་བའི་བོད་ཡིག་རིག་ནུས་ཡིག་སྒྱུར་དང་སྣོལ་རེས་ཚུལ་གྱི་སྐད་གདངས་མ་ལག་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ་རེད།  

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།

  གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས། འཕྲུལ་འཁོར་ཡིག་སྒྱུར་སོགས་ཀྱི་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་ཆབས་ཅིག སྐད་བརྡའི་ཡིག་སྒྱུར་གྱི་དགོས་མཁོ་སྣ་མང་ཅན་དུ་གྱུར་ནས་དུས་རབས་གསར་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ལ་འགྲན་རྩོད་གསར་པ་བྱུང་ཡོད། མི་རིགས་སྐད་ཡིག་གི་རིག་ནུས་ཡིག་སྒྱུར་དང་། ལྷག་པར་དུ་རིག་ནུས་སྐད་གདངས་ལ་བརྟེན་ནས་ཡིག་སྒྱུར་ཞིབ་འཇུག་གཏིང་ཟབ་བྱེད་པ་ནི་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་དང་། མི་རིགས་ལས་དོན། ཆ་འཕྲིན་ཅན་གྱི་ལས་དོན་བཅས་ཀྱི་ནང་དོན་གལ་ཆེན་དུ་གྱུར་ཡོད།  
 ཁྱབ་སྤེལ་ཚོགས་འདུའི་ཐོག་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝན་ཡིང་གིས་བསྟན་དོན།  གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་ཀྱིས་སྔར་བས་སྟབས་བདེ་བའི་སྤེལ་རེས་བྱེད་སྟངས་སྤྱོད་པ་སྐོམ་པ་ཆུ་འདོད་ལྟར་གྱུར་ཡོད་པ་དང་།  ཕྱི་ཕྱོགས་དབར་བར་ཐག་གང་ཉེའི་འབྲེལ་འདྲིས་དང་།  སྐབས་འཕྲལ་རང་བཞིན་གྱི་སྐུལ་རེས།  གེགས་མེད་མཉམ་སྤྱོད་བཅས་ཡོང་བ་མངོན་འགྱུར་བྱེད་དགོས།  ཏང་དང་རྒྱལ་ཁབ་ཀྱི་རེ་བ་ལྟར་ན་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུའི་ནུས་པ་དང་ལས་ཆོད་སྔར་བས་མཐོ་རུ་གཏོང་བ་དང་།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ་དུས་ཐོག་ཏུ་འབྱོར་འབྲིང་དང་མཉམ་པོར་མངོན་དུ་འགྱུར་དགོས།  དེར་བརྟེན།  མི་རིགས་སྐད་ཡིག་གི་ཡིག་སྒྱུར་ལས་དོན་གྱིས་དུས་རབས་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་དགོས་པའི་ཁར།  རྒྱལ་ཁབ་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདུན་འབོད་སྐུལ་དང་ལེན་བྱས་ཏེ།  དུས་ཚོད་ལ་གཅེས་སྤྲས་གང་ལེགས་བྱེད་པའི་སྙིང་སྟོབས་སྲུང་འཛིན་དང་།  མི་རིགས་སྐད་ཡིག་ཡིག་སྒྱུར་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལེགས་པར་སྒྲུབ་པ་དང་།  རིན་མེད་མཉམ་སྤྱོད་གནང་བ་བརྒྱུད་ནས་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱོད་སྒོ་ཆེ་ཞིང་བེད་སྤྱོད་གང་ལེགས་བྱེད་དགོས།“ཆུས་གསུམ་དང་ཀྲོའུ་གསུམ་”གྱི་དཀའ་ངལ་ཤིན་ཏུ་ཆེ་བའི་དབུལ་བོའི་ས་ཁུལ་དུ་མི་རིགས་སྐད་ཡིག་ཡིག་སྒྱུར་གྱིས་འབྲེལ་མཐུད་དང་སྤེལ་རེས་ཁྲོད་ནས་དམིགས་བསལ་གྱི་ནུས་པ་འདོན་སྤེལ་དང་།  རིག་ནུས་ཡིག་སྒྱུར་གྱི་ལག་རྩལ་ལ་བརྟེན་ནས་སློབ་གསོའི་དབུལ་སྐྱོར་དང་།  རིག་གནས་དབུལ་སྐྱོར།  སྐད་བརྡའི་དབུལ་སྐྱོར་བཅས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་ཧུར་ཐག་བྱེད་དགོས།  

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།

  ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱེད་པའི་ལས་ཁུངས་ཤིག་ཡིན་པ་དང་། བགྲང་བྱ་དུ་མའི་རིང་ལ་མི་རིགས་སྐད་ཡིག་ཡིག་སྒྱུར་ཞིབ་འཇུག་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་པའི་ལས་སུ་གཞོལ་ཏེ། མིག་སྔར་སོག་པོ་དང་། བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས་རིགས། ཀྲོང་རིགས་བཅས་མི་རིགས་བདུན་གྱི་སྐད་ཡིག་གི་འཕྲུལ་འཁོར་ཡིག་སྒྱུར་མཉེན་ཆས་40ལ་ཉེ་བ་ཙམ་སྔ་རྗེས་སུ་རིམ་བཞིན་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་ནས་ཁྱབ་སྤེལ་བེད་སྤྱོད་བྱས་པ་དང་། ཐོན་ཁུངས་དང་། ལག་རྩལ། གྲུབ་འབྲས་བཅས་ཆ་སྙོམས་སྒོས་ལས་རིགས་ཁྱབ་ཁོངས་དེའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད།  
 ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུའི་ཐོག་གཅིག་སྡུད་ངང་འགྲེམ་སྟོན་བྱས་པའི་ཡིག་སྒྱུར་མཉེན་ཆས་ཁྱོན་བསྡོམས་རིགས་12ཡོད་ཅིང་།  དེའི་ནང་དུ་བོད་རྒྱ་(རྒྱ་བོད་)རིག་ནུས་ཡིག་སྒྱུར་མ་ལག་ ( དྲ་རྒྱའི་པར་མ་)དང་།  བོད་རྒྱ་གླེང་མོལ་འབྲེལ་ལམ་( ཨན་ཀྲོའུ་པར་གཞི་དང་།  ཀུ་ཤུ་པར་གཞི་དང་PCཔར་གཞི་)དང་།  བོད་རྒྱ་སྐད་གདངས་བསྒྱུར་བའི་འབྲེལ་ལམ་( ཨན་ཀྲོའུ་པར་གཞི་དང་།  ཀུ་ཤུ་པར་གཞི་དང་PCཔར་གཞི་)དང་།  སུའུ་ཀོའུ་བཤར་ཆས་བོད་རྒྱ་ཕན་ཚུན་ཡིག་སྒྱུར་གྱི་མཉེན་ཆས།   བོད་ཡིག་གི་སྐད་གདངས་ནང་འཇུག་བྱེད་ཐབས་(ཨན་ཀྲོའུ་པར་གཞི་དང་ཀུ་ཤུ་པར་གཞི་)  Windowsབོད་ཡིག་གི་སྐད་གདངས་ནང་འཇུག་བྱེད་ཐབས་(PCཔར་གཞི་ ) དང་།  བོད་རྒྱ་རིག་ནུས་ཀྱི་སྐད་གདངས་ཡིག་སྒྱུར་མཉེན་ཆས་( ཨན་ཀྲོའུ་པར་གཞི་དང་ཀུ་ཤུ་པར་གཞི་)བོད་ཡིག་དྲ་རྒྱའི་དྲ་ཐོག་ཞུ་དག་མཉེན་ཆས།  བོད་ཡིག་གི་གློག་རྡུལ་ཚིག་མཛོད།  བོད་ཡིག་གི་དཔེ་དེབ་དབྱེ་འབྱེད་(OCR)མཉེན་ཆས་དང་།  རིག་ནུས་ཁྲིམས་སའི་འདྲི་གཅོད་སྐད་གདངས་མ་ལག་དང་།  དེ་བཞིན་ད་ལོའི་ཟླ་བདུན་པར་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་འབྱུང་གྲབས་ཡོད་པའི་བོད་རྒྱ་པར་ལེན་ཡིག་སྒྱུར་མ་ལག་བཅས་སོ།  །
 ཡིག་སྒྱུར་མཉེན་ཆས་12འདིའི་ཡིག་རིགས་པར་མ་གཞན་དག་གི་ཉེར་སྤྱོད་ཐད་ལ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་གདེང་འཇོག་ཡག་པོ་ཐོབ་ཡོད།  སྒོས་སུ་རིག་ནུས་ཡིག་སྒྱུར་དང་སྣོལ་རེས་ཚུལ་གྱི་སྐད་གདངས་མ་ལག་གིས་སྐད་གདངས་ནས་སྐད་གདངས་བར་གྱི་དུས་ཐོག་གླེང་མོལ་མངོན་འགྱུར་བྱུང་ཡོད་པ་སྟེ།  བཤད་ཞོར་སྒྱུར་ཞོར་དང་།   ནང་འཇུག་སྟབས་བདེ།  གནད་འཁེལ་ཚད་མཐོ་བཅས་སུ་སླེབས་ཡོད།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་།  ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སོགས་ཀྱིས་དེ་ཉིད་“བློ་རིག་ལྡན་པའི་ཞིབ་དཔྱོད་ལས་དོན་”གྱི་ལས་གྲྭར་སྤྱོད་པ་དང་།  ཡིག་ཁུག་ཡིག་སྒྱུར་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་།  འཐབ་ས་དང་པོའི་ལས་བྱེད་ཉེན་རྟོག་པ་དང་བཅའ་ཁྲིམས་ལས་དོན་པའི་ངལ་རྩོལ་གྱི་དཀའ་ཚད་ཇེ་དམའ་བཏང་སྟེ་ལས་ཆོད་མཐོར་གཏོང་ཐད་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད།  
 ཐེངས་འདིའི་བོད་ཡིག་པར་གཞིའི་ཡིག་སྒྱུར་མཉེན་ཆས་རབ་དང་རིམ་པའི་ཁྱབ་སྤེལ་ཚོགས་འདུ་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་གསུངས་དོན། མཉེན་ཆས་འདི་དག་གིས་གཞི་རིམ་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་སྔར་བས་ལེགས་པའི་སྒོ་ནས་བརྒྱུད་བསྒྲགས་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་འཕྲད་པའི་སྐད་བརྡའི་གནད་དོན་སྟེ། དཔེར་ན། རིག་གནས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ཞིང་ལས་ཐོན་སྐྱེད། དངུལ་རྩའི་ཡིད་རྟོན་དངུལ་བུན། བཅའ་ཁྲིམས་འདྲི་རྩད། དམངས་དོན་གཏུག་བཤེར། འགན་བཅོལ། རྒུད་སྐྱོབ་སོགས་ཀྱི་སྐོར་ནས་དངོས་གནས་དྲང་གནས་དང་། དུས་དང་རྣམ་པ་ཀུན་ཏུ་རོགས་རམ་བྱེད་ཐུབ་པ་འདིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་དང་། གནད་འཁེལ་དབུལ་སྐྱོར་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།  
  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་དོན་སི་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་སློབ་ཆེན། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་། སི་ཁྲོན་རྔ་བ་དང་། དཀར་མཛེས། བདེ་ཆེན་ཁུལ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བོད་ཀྱི་སྐད་ཡིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་གདན་ཞུས་ལྟར་ཐེངས་འདིའི་མཉེན་ཆས་ཁྱབ་སྤེལ་ཚོགས་འདུར་ཞུགས་ཡོད་དོ། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་གནང་བའི་གསུང་བཤད་ད
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་དང་ས་གནས་ཁག་དབར2018ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཤར་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།