ཀྲུང་གོ་བོད་ཀྱི་དྲ་བ། 2015-03-30
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་འགྲིལ་འགྲུལ་གཙོ་གནད་དུ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པས། མང་ཚོགས་ཕྱིར་བསྐྱོད་པའི་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་མང་ཚོགས་ལ་སྟབས་བདེ་གང་མང་བསྐྲུན་ཡོད་དེ། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་དངོས་རྫས་འདོན་སྤྲོད་བྱེད་པར་སྐྱེལ་འདྲེན་ཕྱོགས་ནས་འགན་སྲུང་ནུས་ལྡན་བྱས།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས765ལག་བསྟར་བྱས་ཤིང་། འཛུགས་སྐྲུན་ལམ་ཐག་སྤྱི་ལེ8807ཡོད། དེ་ལས་མཁར་གྲོང34ཡི་སྲིད་འཛིན་གྲོང་ཚོ89ཡི་གཞུང་ལམ་སྟེང་རླངས་འཁོར་ཤར་རྒྱུག་བྱེད་ཐུབ་པ་དང་སྲིད་འཛིན་གྲོང་ཚོ196ལ་གཞུང་ལམ་གཏོང་བའི་གནད་དོན་ཐག་གཅོད་བྱས། ཚོད་དཔག་བྱས་པ་ལྟར་ན། 2015ལོའི་ལོ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་མཁར་གྲོང138ལ་གཞུང་ལམ་གཏོང་རྒྱུ་ཡིན་པ་དང་། མཁར་གྲོང83ལ་སྣུམ་ལམ་གཏོང་བ་མངོན་འགྱུར་བྱ་རྒྱུ་དང་། གཞུང་ལམ་སྟེང་རླངས་འཁོར་ཤར་རྒྱུག་བྱེད་ཚད60%ཟིན་ནས། སྲིད་འཛིན་གྲོང་ཚོ1142ཡོངས་རྫོགས་ལ་གཞུང་ལམ་གཏོང་རྒྱུ་ཡིན་ཞིང་། སྲིད་འཛིན་གྲོང་ཚོ་རུ་གཞུང་ལམ་གཏོང་ཚད100%ལ་བསླེབ་རྩིས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10