ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།

        2018-05-16

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
པར་འདི་ནི་ཁྱིམ་གཞིས་བསྐྱར་འཛུགས་བྱས་རྗེས་ཀྱི་ཕན་ཀྲོའུ་གྲོང་ཁྱེར་ཞའོ་ཡུས་ཏུང་གྲོང་རྡལ་གྱི་ཡུལ་མིའི་སྡོད་ཁང་རེད།

      ཟླ་བ5པའི་ཚེས12ཉིན་ནི་ཝུན་ཁྲོན་དུ་ས་འགུལ་ཚབས་ཆེན་བྱུང་ནས་ལོ་བཅུ་འཁོར་བར་དྲན་གསོའི་ཉིན་མོ་ཡིན་ཞིང་།  ལོ་བཅུའི་སྔོན་དུ་ཝུན་ཁྲོན་དུ་ས་འགུལ་ཚབས་ཆེན་པོ་བྱུང་བའི་རྐྱེན་གྱིས་སི་ཁྲོན་ཞིང་ཆེན་ཝུན་ཁྲོན་རྫོང་དང་།  པའེ་ཁྲོན་རྫོང་།   ཆིན་ཁྲོན་རྫོང་སོགས་ས་གནས་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་པ་རེད། ལོ10ཡི་རིང་ལ་ཏང་ཀྲུང་དབྱང་གིས་སྲ་བརྟན་གྱིས་འགོ་ཁྲིད་གནང་འོག་དང་།   ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིག་གནང་བའི་ཏང་ཀྲུང་དབྱང་གིས་གལ་ཆེའི་བཀོད་སྒྲིག་རབ་དང་རིམ་པ་གནང་འོག   ཝུན་ཁྲོན་དུ་ས་འགུལ་ཚབས་ཆེན་བྱུང་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ།   ལོ10རིང་ལ་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད།  ས་འགུལ་ཚབས་ཆེན་ཐེབས་ཤུལ་གྱི་གྱང་རོའི་ཐོག་དར་རྒྱས་འགྲོ་བའི་གྲོང་རྡལ་དང་གྲོང་ཚོ་བསྐྲུན་ཡོད་པ་རེད། རྨང་གཞིའི་སྒྲིག་ཆས་བརྟན་པོར་ཆགས། ཐོན་ལས་རྒྱུན་མཐུད་དུ་དར་རྒྱས་བྱུང་བ།  སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་བྱུང་བ་དང་མི་སེར་བདེ་སྡོད་ལས་བརྩོན་གྱི་རྣམ་པ་དོན་དངོས་སུ་གྲུབ་དང་འགྲུབ་བཞིན་ཡོད་པ་དང་།  ཝུན་ཁྲོན་དུ་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་ས་ཁུལ་དུ་འཕོ་འགྱུ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།།

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།

པར་གོང་མ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་ཧྲི་ཧྥང་གྲོང་ཁྱེར་ཧུང་པའེ་གྲོང་རྡལ་གྱི་རྣམ་པ་གསར་པ་རེད། པར་འོག་མ་ནི 2008ལོའི་ཟླ་བ5པར་ས་འགུལ་ཚབས་ཆེན་བྱུང་ནས་གཏོར་བརླག་ཐེབས་པའི་ཧྲི་ཧྥང་གྲོང་ཁྱེར་གྱི་གྲོང་སྡེ་དང་བཟོ་གྲྭ་རེད།

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
པར་གོང་མ་ནི་ད་ལྟར་ཨར་ལས་རྒྱག་བཞིན་པའི་ཝུན་ཁྲོན་རྫོང་ནས་འབར་ཁམས་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་རེད། པར་འོག་མ་ནི2008ལོའི་ཟླ་བ5པའི་ཚེས14ཉིན་ས་འགུལ་ལྟེ་གནས་ཝུན་ཁྲོན་རྫོང་ཉེ་སྐོར་གྱི་གཞུང་ལམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ཤིང་།མི་ཚོ་བརྡིབས་པའི་ཟམ་ཆེན་ཞིག་གི་འགྲམ་ནས་འགྲོ་བཞིན་པའི་ཚུལ་རེད།

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
པར་གོང་མ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་རེད། པར་འོག་མ་ནི2008ལོར་ས་འགུལ་བྱུང་ནས་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ཏུའུ་ཅང་ཅན་གྲོང་ཁྱེར་རེད།

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
པར་འདི་ནི་ཁྱིན་གཞིས་བསྐྱར་འཛུགས་བྱས་རྗེས་ཀྱི་དབྱིང་ཞིའུ་གྲོང་རྡལ་གྱི་རྣམ་པ་གསར་པ་རེད།

ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
པར་འདི་ནི་ཝུན་ཁྲོན་རྫོང་ཧྲུན་མོ་གྲོང་རྡལ་གྱི་བཀྲ་ཤིས་འདུས་སྡེ་ཁུལ་གྱི་རྣམ་པ་གསར་པ་རེད།


  • ལེ་ཚན་སྔོན་མ།:ཁྱུང་མཆུ་ལ་གཞས་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་བདམས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རིག་གནས་ཐོན་རྫས་ཧྲེན་ཀྲན་རིག་གནས་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།