ཁྱུང་མཆུ་ལ་གཞས་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་བདམས།

བདེ་ཆེན་གྱིས་བསྒྱུར།        2018-05-15

ཁྱུང་མཆུ་ལ་གཞས་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་བདམས།

  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་མངའ་ཁོངས་སུ་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་བགྲང་ལས་འདས་ཏེ། དམངས་ཁྲོད་ལ་གཞས་དང་དམངས་ཁྲོད་རྩོམ་རིག། དམངས་ཁྲོད་མཛེས་རྩལ། དམངས་ཁྲོད་རོལ་དབྱངས། དམངས་ཁྲོད་ཞབས་བྲོ། ཟློས་གར། གཞས་མ་གཏམ། དམངས་ཁྲོད་རྩལ་རྩེད་སོགས་སྣ་ཁ་མང་པོ་ཡོད་ལ། མིག་སྔར་སླེབས་དུས། ཁྱུང་མཆུ་རྫོང་གི་ལ་གཞས་ལ་ཁྲོན་ནུབ་བོད་ཀྱི་ལ་གཞས་ཞེས་བཏགས་ཏེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བདམས། གླུ་མ་གཏམ་དང་བོད་ཀྱི་ལོ་སར་ཞེས་པ་གཉིས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བདམས།  དེ་མིན་དམངས་ཁྲོད་ཀྱི་མཛེས་རྩལ་དང་རོལ་དབྱངས་སོགས་ཁུལ་དང་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བདམས་ཐོན་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁི་ལིས་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།
  • ལེ་ཚན་རྗེས་མ།:ཝུན་ཁྲོན་དུ་ས་འགུལ་བྱུང་རྗེས་ཀྱི་ལོ་བཅུའི་ནང་ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་རྣམ་པ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།