རང་ཁུལ་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཧྲེན་ཀྲན་རིག་གནས་ཐོན་ལས་དངོས་མང་བཤམས་ཚོགས་སྐབས་བཅུ་བཞི་པར་ཞུགས།

སྐལ་ཐུབ་ཀྱིས་བསྒྱུར།        2018-05-14

      ཀྲུང་གོའི་ཧྲེན་ཀྲན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་བཤམས་སྟོན་ཉོ་ཚོང་འདུ་ཚོགས་སྐབས་བཅུ་བཞི་པ་དེ་སྤྱི་ཟླ5པའི་ཚེས10ཉིན་ལ་འགོ་ཚུགས་པ་དང་། རང་ཁུལ་གྱི་དངོས་མང་བཤམས་སྟོན་འདུ་ཚོགས་སུ་ཞུགས་པའི་ཚོང་གཉེར་སྡེ་ཚན21ཡོད་པ་རེད།

      རང་ཁུལ་གྱི་དངོས་མང་བཤམས་སྟོན་བྱེད་ས་ནི་ཧྲེན་ཀྲན་འགྲེམས་སྟོན་ཚོགས་ར་ལྟེ་གནས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཁང་ཨང་བརྒྱད་པ་ཡིན་ཞིང་། བཤམས་སྟོན་ཚོམས་ཆེན་གྱི་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ190ཡོད་པ་དང་། གཟུགས་མེད་རིག་གནས་དང་ལོ་རྒྱུས་ཕྱིར་དྲན། སྒྱུ་རྩལ་སྣ་མང་བཅས་ནི་རིག་གནས་ཀྱི་ཇུས་འགོད་གྲུབ་ཆ་གཙོ་བོར་བྱས་ཤིང་མཐོ་སྒང་གི་རིག་གནས་སྒྱུ་རྩལ་བརྒྱུད་འཛིན་བྱ་རྒྱུར་གཙོ་བོར་དམིགས་ནས་རང་ཁུལ་གྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་དང་། ཡུལ་སྐོར་ཐོན་ཁུངས། ཡུལ་སྲོལ་གོམས་གཤིས་བཅས་གང་ལེགས་མངོན་པ་དང་ཆབས་ཅིག གནའ་ནས་དེང་དང་སྲོལ་རྒྱུན་ནས་གསར་གཏོད་ཀྱི་འཕེལ་རིམ་མཚོན་པ་རེད། བཤམས་སྟོན་ཧྲིལ་པོར་དུས་རབས་རང་བཞིན་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཁམས་པའི་རིག་གནས་ཀྱིས་ཡོངས་སུ་ཕྱུག་ཡོད་པ་རེད།

      ཤེས་རྟོགས་བྱུང་བར་བརྒྱུད། བཤམས་སྟོན་བྱེད་རིང་། རང་ཁུལ་གྱིས་ད་དུང་གཞི་ཁྱོན་འབྲིང་གྲས་ཀྱི་བགྲོ་གླེང་དང་སྤེལ་རེས་ཚོགས་འདུ་ཐེངས་གཉིས་སྒྲིག་འཛུགས་ཇུས་འགོད་བྱ་རྒྱུ་ཡིན་ཞིང་། དེ་མིན་ཧྲེན་ཀྲན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་བཤམས་སྟོན་ཉོ་ཚོང་འདུ་ཚོགས་སྐབས་བཅུ་བཞི་པའི་ཚོགས་ར་གཙོ་བོའི་ཡན་ལག་ཚོགས་ར་དང་བཤམས་སྟོན་ཁང་། རིག་གནས་ཐོན་ལས་གླིང་ཁུལ་དང་ལས་གཞི་གཞན་དག་བཅས་ལ་རྟོག་ཞིབ་བྱས་ཏེ་རང་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:གློག་བརྙན《སྦྲ་གུར་ནག་པོའི་གཏམ་རྒྱུད》ལ་སྐབས་ བཅོ་ལྔ་པའི་འཛམ་གླིང་མི་རིགས་གློག་བརྙན་ དུས་ཆེན་གྱི་མིང་འདོན་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཝུན་ཁྲོན་ས་འགུལ་བརྒྱུགས་ནས་ལོ་འཁོར་བཅུ་ལོན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐམ་ས་ཆེན་པོའི་ས་འགུལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་
  • དོ་སྣང་ཆེ་བའི་རྩོམ།