ཆབ་མདོ་ནས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད།

        2018-04-10

ཆབ་མདོ་ནས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད།

  

གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཨ་ཚུར་ཤང་ནས་བྲག་བརྐོས་ཁ་ཤས་རྙེད་པ་གནའ་དཔྱད་མཁས་ཅན་གྱིས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡིན་པའི་གསལ་བཤད་བྱས་པ་རེད།

  གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཐེངས་འདིར་རྙེད་པའི་བྲག་བརྐོས་ནི་བྲག་གཡབ་རྫོང་ཨ་ཚུར་ཤང་བྱང་རྒྱུད་ཀྱི་སྤྱི་ལེ8ཙམ་གྱི་སར་ཡོད་པའི་ལེ་ཆུ་དང་གསེར་ཆུ་གཉིས་འདྲེས་མཚམས་ཀྱི་ཨ་ཅོག་བྲག་སྣའི་སྨི10ཙམ་ཡོད་པའི་བྲག་ལྡེབས4ཡི་ངོས་སུ་བརྐོས་ཡོད་པ་དང་། བརྐོས་རིས་ཀྱི་བང་སྒྲིག་ཨང་རྟགས་ལྷོ་ནས་བྱང་དུ་རིམ་པ་བཞིན་དུ1ནས་9བར་ཡོད་པ་རེད། ལྷོ་སྣེའི་བརྐོས་རིས་ཨང་རྟགས་དང་པོའི་བྲག་ལྡེབས་ལ་རང་བྱུང་གི“མགོ་ཁེབས”མེད་པ་ཕུད། བྲག་ལྡེབས་གཞན་གསུམ་པོར་རང་བྱུང་གི“མགོ་ཁེབས”ཡོད་པ་རེད།

ཆབ་མདོ་ནས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད།

  བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་གནའ་དཔྱད་རིགས་གཅིག་མཁས་ཅན་ཤར་རྒན་དབང་འདུས་ཀྱིས་བྲག་བརྐོས་འདི་ལས་བྲག་གཡབ་རྫོང་གི་ལྷོ་རྒྱུད་དང་སྨར་ཁམས་རྫོང་གི་བྱང་རྒྱུད་ཁུལ་གྱི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱི“སྦྲེལ་ཐག”ལྟ་བུ་རྙེད་པ་དང་ཆབས་ཅིག། ས་བབ་མཐོ་ཁུལ་དུ་གནས་པའི་ཨ་ཅོག་བྲག་སྣའི་བརྐོས་རིས་འདི་ནི་ལྷོ་བྱང་གི་འགྲིམ་འགྲུལ་སྦྲེལ་མཐུད་མཚམས་ཚིགས་ལྟ་བུ་ཡིན་པས། བོད་ལྗོངས་དང་ཐ་ན་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་ནས་ཐུ་བྷོད་ཀྱི་ནང་བསྟན་སྒྱུ་རྩལ་དང་། བོད་ཤར་གྱི་ས་གནས་ལོ་རྒྱུས། ཐུ་བྷོད་ཀྱི་འགྲིམ་འགྲུལ་ལོ་རྒྱུས་སོགས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་རྒྱུར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

༼མི་དམངས་དྲ་བ་ལས་དྲངས།༽

 ༼རྩོམ་སྒྲིག་པ་མགར་རྒྱལ་སྲས། ༽

ཆབ་མདོ་ནས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད།

  • ལེ་ཚན་སྔོན་མ།:གཟི་རྩ་སྡེ་དགུ་རྫོང་2018ལོའི་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པའི་གྲས་སུ་ཚུད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་གྲུ་ཐང་དུ་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན།
  • དོ་སྣང་ཆེ་བའི་རྩོམ།