གཟི་རྩ་སྡེ་དགུ་རྫོང་2018ལོའི་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པའི་གྲས་སུ་ཚུད་པ།

        2018-04-08

གཟི་རྩ་སྡེ་དགུ་རྫོང་2018ལོའི་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པའི་གྲས་སུ་ཚུད་པ།

   ཉེ་ལམ་ཀྲུང་གོའི་རྒྱལ་ཁོངས་དཔལ་འབྱོར་རིག་གཞུང་སློབ་ཚོགས་ཀྱིས་2018ལོའི་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། དེ་ལས་གཟི་རྩ་སྡེ་དགུ་རྫོང་སོགས་རྒྱལ་ཡོངས་ཀྱི་རྫོང་ཉིས་བརྒྱ་འོས་འདེམས་བརྒྱུད་དེ་མིང་ཐོའི་གྲས་སུ་ཚུད་པ་རེད།
   དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པའི་གྲས་སུ་ཚུད་པར་གླེང་བྱ་མང་བོ་ཡོད་ཀྱང་དེ་མདོར་དྲིལ་ན།བཟང་བོ་རྣམ་ལྔ་དང་ཞན་པ་སྣ་གཅིག་ཅེས་པ་དེ་ཡིན་ཏེ། དེ་ལས་བཟང་བོ་རྣམ་ལྔ་ཞེས་པ་ནི། གཅིག ཏང་ཨུ་དང་སྲིད་གཞུང་གིས་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པ་གཙིགས་ཆེན་དུ་འཛིན་པ། གཉིས། ནགས་ཚལ་དང་། རྩྭ་ས། བརླན་ས་སོགས་ཀྱི་ཁེབས་ཚད་རྒྱ་ཆེ་བ། གསུམ། དྭངས་གཙང་གི་མཁའ་དབུགས་ཀྱི་སྤུས་ཚད་ཆ་སྙོམས་ཀྱི་ཚད་མཐོ་བ། བཞི། ལུས་རྩལ་བར་འཕྲོད་པའི་དབྱང་རླུང་ལས་གྱེས་རྡུལ་གྱི་འདུས་ཚད་མཐོ་བ། ལྔ། མཛེས་ལྗོངས་ཁུལ་དུ་སྤྲོ་སྣང་དང་ལྟ་ཞེན་གྱི་ཚད་མཐོ་བ་བཅས་ཡིན་ལ། ཞན་པ་སྣ་གཅིག་ཅེས་པ་ནི་མངའ་ཁོངས་ཡོངས་སུ་གནམ་གཤིས་ཀྱི་གནོད་འཚེ་དང་སྨུག་པ་འཐིབ་པ་ཉུང་བའམ་ཞན་པར་ཟེར། 
   ཉེ་བའི་ལོ་ཤས་རིང་གཟི་རྩ་སྡེ་དགུ་རྫོང་གིས་དྭངས་གཙང་གི་ཆུ་བོ་དང་ལྗང་མདོག་གི་རི་བོ་ནི་གསེར་དངུལ་གྱི་རི་བོ་ཡིན་ཞེས་པ་གནད་དུ་བཟུང་ནས།མི་འགྱང་བར་དེ་གཉིས་ཟུང་དུ་སྦྲེལ་ནས་བྱེད་ཐབས་ཡག་པོའི་སྒོ་ནས་ལག་ལེན་དུ་བསྟར་ཏེ།དྭངས་གཙང་གི་ནམ་མཁའ་སྲུང་སྐྱོང་དང་།དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་བ།དཔལ་འབྱོར་འཕེལ་རྒྱས་ལ་བརྩོན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་ཁེ་ཕན། མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་བཅས་སྔར་ལས་མཐོ་འདེགས་གཏོང་དགོས་པ་རེད། 
   རྒྱུས་ལོན་ལྟར་ན་སྤྱི་དམངས་ཀྱི་བསམ་འཆར་དང་ཆེད་མཁས་པས་དཔྱད་འདེམས་བྱས་ཏེ་མཐར་གཟི་རྩ་སྡེ་དགུ་ནི་2018ལོའི་དྭངས་གཙང་གི་གྲོང་ཁྱེར་ཆུང་ཆུང་ཞེས་པའི་གྲས་སུ་ཚུད་པ་དང་།  དེ་ནི་མི་འགྱང་བར་ཀྲུང་གོའི་རྒྱལ་ཁོངས་དཔལ་འབྱོར་རིག་གཞུང་སློབ་ཚོགས་ཀྱིས་ཀྲུང་གོའི་ཡུལ་སྐོར་གྱི་ཉིན་མོ་ཞེས་པ་སྟེ་ཟླ་ལྔ་བའི་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱ་དགོས་པ་གཏན་འཁེལ་བྱས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅིས་སྔོན་གཤེགས་དཔའ་བོར་རྗེས་དྲན་གནང་བའི་བཀའ་མོལ།
  • ལེ་ཚན་རྗེས་མ།:ཆབ་མདོ་ནས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད།
  • དོ་སྣང་ཆེ་བའི་རྩོམ།