རང་རྒྱལ་གྱི་ལོ་ལྔའི་ནང་ལ་རིམ་རྩིས་བྱས་ན་མི་ཁྲི6600བརྒལ་བ་དབུལ་ཐར་བྱུང་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2018-03-26

      ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་ཡོད་པའི་འཕེལ་རྒྱས་བྱུང་ཡོད་པ་དང་ལོ་ལྔའི་ནང་ལ་མི་ཁྲི6600བརྒལ་བ་དབུལ་ཐར་བྱུང་ཡོད་པ་དེ་ནི་རང་རྒྱལ་གྱི་དབུལ་སྒྲོལ་ལོ་རྒྱུས་ཐོག་ཐོབ་པའི་ཆེས་བཟང་བའི་གྲུབ་འབྲས་ཡིན་པ་རེད།

      ལིའུ་ཡུང་ཧྥུ་ཡིས2012ལོའི་ལོ་མཇུག་ལ་རང་རྒྱལ་གྱི་དབུལ་ཕོངས་མི་འབོར་ཁྲི9899ཡོད་པ་དང2017ལོའི་ལོ་མཇུག་ཏུ་དབུལ་ཕོངས་མི་འབོར་ཁྲི3000ཡས་མས་ལྷག་ཡོད། ད་ཡོད་ཚད་གཞི་ཐོག་གི་དབུལ་ཕོངས་མི་འབོར་ལས་གསུམ་ཆ་གཉིས་ཡན་ཉུང་དུ་སོང་ཡོད། དབུལ་པོ་རྫོང་གི་དབུལ་ཞྭ་ཕུད་པར་བལྟ་ན2016ལོར་དབུལ་ཕོངས་རྫོང28ཀྱི་དབུལ་ཞྭ་ཕུད་པས་དབུལ་ཕོངས་རྫོང་གི་སྤྱི་ཚད་ཉུང་དུ་བཏང་ཡོད་ཅེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར80མཐོ་རུ་སྤར་ཡོད།
  • ལེ་ཚན་རྗེས་མ།:བོད་ཀྱི་ཞི་ལུ་ཞིག་ལ་ཧྲང་ཧེ་ནས་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།