ཡེ་ཤེས་ཀྱིས་བསྒྱུར། 2018-03-26
སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོའི་ཚེས1ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་དེ་སྔོན་མའི་མི་རེར་ཟླ་རེར་སྒོར70ནས་མི་རེར་ཟླ་རེར་སྒོར80ལ་མཐོ་རུ་སྤར་ཡོད། མིག་སྔར་སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱིས2018ལོར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་མི་སྣའི་འཚོ་བའི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར1.6སྔོན་དུ་བཏང་བར་མ་ཟད་ས་གནས་ཁག་ལ་དཔྱིད་གསར་དུས་ཆེན་སྔོན་གྱི་དུས་ཚིགས་དང་པོར་འཚོ་བའི་ཁ་གསབ་མ་དངུལ་དེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་ལག་ཐོག་ཏུ་སྤྲད་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱིས2016ལོའི་ཟླ་བ་དང་པོའི་ཚེས1ཉིན་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ་སྤྲད་རྒྱུ་ལམ་ལུགས་བཙུགས་པ་དང་ལག་ལེན་བསྟར་བ། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་རབས་གཉིས་པ་ཁྱེར་པའི་སི་ཁྲོན་ཞིང་ཆེན་ཐེམ་ཐོའི་མ་མཐའི་འཚོ་རྟེན་འགན་སྲུང་གི་བྱ་ཡུལ་ལ་འཚོ་བའི་ཁ་གསབ་བྱས་ཡོད། སྔོན་རྩིས་བྱས་ན2020ལོར་སླེབས་དུས་མི་རེར་ཟླ་རེར་སྒོར100ཙམ་སྤྲད་རྒྱུ་རེད། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་པས་ས་གནས་ཁག་གིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ་སྤྲད་ཡུལ་གྱི་ཐོབ་ཐང་ལ་ཞིབ་དཔྱད་ནན་པོ་བྱ་དགོས་པ་དང་། རེ་ཞུ་དང་། ཞིབ་བཤེར་གཏན་འབེབས། ཡོངས་བསྒྲགས། གཏོང་སྤྲོད་སོགས་ཀྱི་གཞི་རྩའི་གོ་རིམ་ལྟར། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་རབས་གཉིས་པ་བཟུང་པའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་རྣམས་དུས་ཐོག་ཏུ་ཁ་གསབ་བྱ་རྒྱུའི་ཁྱབ་ཁོངས་སུ་བཞག་སྟེ། ཁ་གསབ་བྱ་དགོས་སར་ཁ་གསབ་བྱ་དགོས་པ་དང་། ཆ་རྐྱེན་དང་མི་མཐུན་པའི་ཁ་གསབ་བྱ་ཡུལ་དུས་ཐོག་ཏུ་ཕྱིར་སྤྲོད་བྱས་ཏེ། ཕྱིར་སྤྲོད་བྱ་དགོས་ཚད་ཕྱིར་སྤྲོད་པ། དུས་མཚུངས་སུ་ས་གནས་ཁག་གིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་ཁ་གསབ་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དངུལ་ཆེད་སྤྱོད་བྱ་རྒྱུ་ཡིན་ཞིང་། ཁ་གསབ་མ་དངུལ་འཐེན་སྤྱོད་དང་། གཞན་སྤྱོད། གཡོ་ལེན་བྱེད་པ་སོགས་ཁྲིམས་འགལ་སྲོལ་འགལ་གྱི་སྣང་ཚུལ་གཏན་འགོག་བྱ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10