མི་དམངས་དྲ་བ་ལས་དྲངས། 2018-03-20
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚེས་19ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གཉིས་པར་མཚན་རྟགས་བཀོད་པ་དང་ཚོགས་ཆེན་གྱི་གཏན་འབེབས་གཞིར་བཟུང་ད་ཐེངས་ཚོགས་ཆེན་གྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་བསྐོ་གཞག་བྱས་པ་རེད།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མིང་འདོན་གནང་བ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཝུའེ་ཧྥུང་ཧོ་དང་། ཝང་ཡུང་། ཝང་དབྱིས། ཞའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་རྒྱལ་དོན་ཨུ་ཡོན་ལ་གཏན་འཁེལ་བྱས་པ་རེད།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུར་འཐུས་མི་2980ཕེབས་དགོས་པ་དང་། འཐུས་མི་2969ཕེབས་ཡོད་པ་དང་། འཐུས་མི་11ཕེབས་ཐུབ་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཀྲུའུ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལི་ཡུས་མེ་དང་། ལི་ཅིང་པིང་། ཁྲེན་ཆོན་གོ ཁྲེན་ཆིའུ་ཧྥ། ཁྲེན་ཧའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མིང་འདོན་གནང་བ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་དཔོན། དྲུང་ཆེ་བཅས་ཀྱི་འོས་མི་གཏན་འཁེལ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བཅས་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་མཚན་ཐོ་བཅས་ཀྱི་འཆར་ཟིན་ལ་ཁག་སོ་སོར་བརྡས་ཐག་གཅོད་རྒྱུ་བཅས་ཡིན་པ་རེད།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གི་གྲུབ་ཆའི་མི་སྣའི་འོས་མིའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་མིང་འདོན་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད།
འདེམས་ཤོག་འབྲི་བ་དང་། འདེམས་ཤོག་འཕེན་པ། འདེམས་ཤོག་རྩིས་རྒྱག་པ་བཅས་བྱས་པ་བརྒྱུད་ཆུ་ཚོད་9དང་སྐར་མ་58ལ་གཙོ་སྐྱོང་བས་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ་བཅས་བློ་མཐུན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཝུའེ་ཧྥུང་ཧོ་དང་། ཝང་ཡུང་། ཝང་དབྱིས། ཞའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་བློ་མཐུན་རྒྱལ་དོན་ཨུ་ཡོན་ལ་བདམས་པ་ཁྱབ་བསྒྲགས་བྱས་པ་རེད།
གཙོ་སྐྱོང་བས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་དཔོན་བཅས་ཀྱི་མཚན་ཐོ་ཁྱབ་བསྒྲགས་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པས་ཆེད་དོན་ཨུ་ཡོན་ལྷན་ཁང་10བཙུགས་ཡོད། དེའི་ནང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོ་ཟླ3ཚེས13ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་8ཀྱི་གྲུབ་ཆའི་མི་སྣའི་འོས་མི་ཀྲུའུ་ཞི་ཚོགས་པས་མིང་འདོན་གནང་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་གནང་བ་རེད། འཐུས་མི་ཚོགས་པ་ཁག་གི་ནང་མོལ་གྲོས་བསྡུར་བསམ་འཆར་གཞིར་བཟུང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་གྲུབ་ཆའི་མི་སྣའི་མཚན་ཐོའི་འཆར་ཟིན་ད་ཐེངས་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་བརྡས་ཐག་བྱེད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་བརྡས་ཐག་གཅོད་པའི་ཐད་མིང་མི་འགོད་པར་བརྡས་ཐག་ཡོ་བྱད་མནན་པའི་བྱེད་ཐབས་སྤྱད་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་གྲུབ་ཆའི་མི་སྣའི་མཚན་ཐོར་ཁག་སོ་སོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།
མཚན་ཐོ་ཁག་གྲོས་འཆམ་བྱུང་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
རྩ་ཁྲིམས་དམ་འཇོག་སྐོར་གྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱེད་ཐབས་གཞིར་བཟུང་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ཚར་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། དྲུང་ཆེ་བཅས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་དཔོན་བཅས་ཀྱིས་ཁག་སོ་སོར་མཉམ་སྡེབ་དམ་འཇོག་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10