ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་མཇུག་སྒྲིལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན།

མཁས་གྲུབ་ཀྱིས་བསྒྱུར།        2018-03-20

 ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་མཇུག་སྒྲིལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་སྟེ།

ཀྲུང་གོའི་མི་དམངས་ནི་རླབས་ཆེ་བའི་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མི་དམངས་ཡིན།

ཀྲུང་གོའི་མི་དམངས་ནི་རླབས་ཆེ་བའི་འབད་འཐབ་ཀྱི་སྙིང་སྟོབས་ལྡན་པའི་མི་དམངས་ཡིན།

ཀྲུང་གོའི་མི་དམངས་ནི་རླབས་ཆེ་བའི་མཐུན་སྒྲིལ་གྱི་སྙིང་སྟོབས་ལྡན་པའི་མི་དམངས་ཡིན།

ཀྲུང་གོའི་མི་དམངས་ནི་རླབས་ཆེ་བའི་ཕུགས་བསམ་གྱི་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། 

གོ་གནས་ཅི་འདྲའི་མཐོ་པོ་ཡིན་ནའང་ཚང་མས་ངེས་པར་དུ་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་སེམས་སུ་འཆང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་དེ་རང་ཉིད་ཀྱི་སེམས་པའི་ཆེས་ཟབ་ས་རུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ཧུར་ཐག་གིས་ལས་ཀ་བསྒྲུབ་དགོས།

འཛམ་གླིང་ཐོག་དཀའ་ལས་མ་བརྒྱབ་པར་ལོངས་སུ་སྤྱོད་ཆོག་པའི་བྱ་བ་བཟང་པོ་ཞིག་མེད། བདེ་སྐྱིད་འདོད་ན་འབད་བརྩོན་བྱ་དགོས། 

རི་བོ་ཇི་ལྟར་མཐོ་ཡང་། ཡར་ལ་འཛེགས་ན་རྩེ་མོར་སླེབས་ངེས།

ལམ་ཐག་ཅི་འདྲའི་རིང་ཡང་། རིམ་གྱིས་བགྲོད་ན་གནས་དེར་སླེབས་ཐུབ།

མི་དམངས་ལ་ཡིད་ཆེས་ཡོད་ན། རྒྱལ་ཁབ་ལ་ད་གཟོད་མ་འོངས་པ་དང་སྟོབས་ཤུགས་ཡོད། 

ལོ་རྒྱུས་ཀྱིས་ར་འཕྲོད་ཟིན་ལ་ད་དུང་མུ་མཐུད་དུ་ར་འཕྲོད་བྱ་རྒྱུ་ནི། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དེས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱུང་ཐུབ། 

ལམ་ཐག་ད་དུང་ཧ་ཅང་རིང་པོ་ཡིན་མོད། འོན་ཀྱང་དུས་ཚོད་ཀྱིས་མི་སྒུག་མི་སྲིད་པས། སྒྱིད་ལུག་ཏིལ་ཙམ་ཡང་བྱེད་མི་རུང་། 

མེས་རྒྱལ་ཁ་བྲལ་གྱི་ཉེས་སྤྱོད་དང་གཡོ་ཐབས་མཐའ་དག་ལ་འབྲས་མེད་ཀྱི་ཕམ་ཉེས་འཁེལ་ངེས་པ་དང་། མི་དམངས་རྒོལ་གཏམ་དང་ལོ་རྒྱུས་ཀྱི་ཉེས་ཆད་ཐེབས་ངེས་ཡིན། 

ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་གི་ཡིད་ཆེས་ཤིག་ཡོད་དེ། དེ་ནི་རང་རེའི་རླབས་ཆེན་མེས་རྒྱལ་གྱི་མངའ་ཁོངས་ཀྱི་ས་ཆ་ཏིལ་ཙམ་ཡང་ཀྲུང་གོ་ནས་ཁ་བྲལ་ཐབས་མེད་ལ། ཁ་བྲལ་ཡང་གཏན་ནས་མི་སྲིད་པ་ཞིག་རེད། 

མི་དམངས་ཀྱིས་བརྩི་བཀུར་བྱེད་མིན་དང་། མོས་མཐུན་བྱུང་མིན། དགའ་བ་ཐོབ་མིན། ཁས་ལེན་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་ཚད་འཇལ་གྱི་རྩ་བའི་ཚད་གཞིར་འཛིན་རྒྱུ་དང་། མི་དམངས་ཀྱིས་ཆེས་དོ་ཁུར་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། 

ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལྟ་བུར་བྱེད་དགོས།

དུས་རབས་གསར་པ་ནི་མི་ཚང་མ་ལ་དབང་ཞིང་། མི་སུ་དང་གང་ཡིན་རུང་ཚང་མ་དུས་རབས་གསར་པའི་དཔང་པོ་དང་གསར་གཏོད་པ། འཛུགས་སྐྲུན་པ་བཅས་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་འཁེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།