སྤྱི་ཚོགས་ལས་རིགས་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་འདམས་པར་བརྩི་བཀུར་ཞུས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-19

      སྤྱི་ལོ་2018ལོའི་ཟླ་བ༣་པའི་ཚེས་༡༧ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་མངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདམས་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པས། འདེམས་བསྐོའི་མཇུག་འབྲས་དེས་ཏང་གི་འདོད་ཚུལ་དང་། མི་དམངས་ཀྱི་འདོད་ཚུལ། རྒྱལ་ཁབ་ཀྱི་འདོད་ཚུལ་བཅས་ཚད་མཐོའི་གཅིག་སྒྱུར་ཡིན་པ་གང་ལེགས་མངོན་ཡོད་པས། མི་དམངས་དུང་ཕྱུར་མང་པོས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱ་རྒྱུར་སྐུལ་ལྕག་ཐེབས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

      ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་སྒྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

      དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་དང་། ཀྲེ་ཀུང་ཏང་ཀྲུང་དབྱང། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས། རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ་དང་། རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབས་ལ་སྲུང་སྐྱོང་བྱེད་པ། རང་འགུལ་ངང་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་སྒྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། ཇུས་འདོན་མཁན་ཡག་པོ་དང་རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་ཀྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

      ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་པས། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་འདམས་ཐོན་བྱུང་རྗེས་སྣེ་ཁྲིད་ནས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དེས། ཁོང་ནས་རྩ་ཁྲིམས་དང་བརྩི་བཀུར་དང་བརྩི་སྲུང་ཞུ་བ་དང་། རྩ་ཁྲིམས་ལ་སྲུང་སྐྱོང་གནང་བའི་བླ་ན་མེད་པའི་རྣམ་པ་གང་ལེགས་མངོན་ཡོད་པས། ཏང་ཡོན་ལས་བྱེད་པ་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་འོད་སྟོང་འཕྲོ་བའི་མིག་དཔེ་ཡིན་པའི་ངོས་འཛིན་གནང་ཡོད།

      རྒྱལ་ཁབ་གོང་འཕེལ་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་པུའུ། རྒྱལ་ཁབ་ཞིང་ལས་ཚན་པ་བཅས་དང་དེ་བཞིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པས། སླད་ཕྱིན་གདེང་ཚོད་བཞི་སྔར་བས་བརྟན་དུ་གཏོང་བ་དང་། རང་འགུལ་ངང་ཆབ་སྲིད་བརྗོད་པ་དང་། གནས་བབས་ཧྲིལ་པོར་གཞིགས་པ། སྒྲིག་ཁྲིམས་སྲུང་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་སྐྲུན་པའི་ལམ་བུ་གསར་པའི་ཐོག་ལས་བཟོ་པ་དུང་ཕྱུར་མང་པོའི་བྱས་རྗེས་གསར་པ་མངོན་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་བཞག་གནང་བ།
  • དོ་སྣང་ཆེ་བའི་རྩོམ།