རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཨུ་ཡོན་བགྲོད་ལམ་ཐོག་མར་བཙུགས་པ།

    མི་དམངས་དྲ་བ།    2018-03-03

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཨུ་ཡོན་བགྲོད་ལམ་
ཐོག་མར་བཙུགས་པ།


     མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཟླ་3ཚེས་3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་འཚོག་འགོ་ཚུགས་རྒྱུ་ཡིན་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2:00སྐབས་སུ"ཨུ་ཡོན་བགྲོད་ལམ"ཐོག་མ་ཚོགས་ཁང་ཆེ་མོའི་དཀྱིལ་དབུས་ཚོམས་ཁང་དུ་སྤེལ་རྒྱུ་རེད།
     གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་སྲིད་གྲོས་ཚོགས་ཆེན་གྱི"ཨུ་ཡོན་བགྲོད་ལམ"གྱི་བརྗོད་དོན་ནི"དུས་རབས་གསར་པའི་མི་དམངས་སྲིད་གྲོས"ཞེས་པ་ཡིན་ཞིང་། ཚན་རྩལ་དང་། སྐྱེ་ཁམས། སློབ་གསོ། སྤྱི་ཚོགས། ཁྲིམས་ལུགས་འཛུགས་སྐྱོང་། གསར་གཏོད་འཕེལ་རྒྱས། དངོས་གཞིའི་དཔལ་འབྱོར་ལ་སོགས་པའི་བརྗོད་བྱར་དམིགས་ཏེ་ཨུ་ཡོན་ཚོས་ཡུལ་དངོས་ནས་གསར་འགོད་པའི་དྲི་བར་དྲིས་ལན་འདེབས་རྒྱུ་རེད།
      "ཨུ་ཡོན་བགྲོད་ལམ"ཐེངས་གསུམ་ནི་ཟླ་3ཚེས་3ཉིན་དང་། ཚེས་10ཉིན། ཚེས་15ཉིན་བཅས་སུ་སྤེལ་རྒྱུ་ཡིན་ཞིང་། སྤེལ་ཐེངས་རེའི་དུས་ཡུན་ནི་སྐར་མ་40རེད། "ཨུ་ཡོན་བགྲོད་ལམ"སྤེལ་ཐེངས་ཐོག་མར་ཨུ་ཡོན་དབྱང་ལི་ཝེ་དང་། ཕན་ཅན་ཝེ། ཀྲང་ཐའོ་ལིན། ལུའི་ཀྲུང་མའེ། དབྱང་དབྱང་སོགས་ལས་རིགས་མང་པོ་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་ལྷག་གིས་ཀྲུང་གོ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་རྒྱུ་རེད།


༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཨུ་ཡོན་བགྲོད་ལམ་
ཐོག་མར་བཙུགས་པ།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཨུ་ཡོན་བགྲོད་ལམ་
ཐོག་མར་བཙུགས་པ།



  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོག་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།