མི་དམངས་དྲ་བ། 2018-03-03
མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་2ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་རེད།
གཅིག རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གསན་པ་དང་གྲོས་ཞིབ་གནང་རྒྱུ་ཡིན་པ།
གཉིས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གསན་པ་དང་གྲོས་ཞིབ་གནང་རྒྱུ་ཡིན་པ།
གསུམ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འབྲེལ་ཡོད་སྙན་སྒྲོན་ལ་གསན་རྒྱུ་དང་གྲོས་བསྡུར་གནང་རྒྱུ་དང་། རྩ་ཁྲིམས་བཟོ་བཅོས་ཀྱི་གྲོས་གཞིའི་མ་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་མ་ཟིན་སོགས་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ།
བཞི། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡི་སྒྲིག་ཡིག་བཟོ་བཅོས་ཀྱི་གྲོས་གཞི་ལ་གྲོས་ཞིབ་གྲོས་འཆམ་བྱུང་རྒྱུ་ཡིན་པ།
ལྔ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུང་ཞི་གཞོན་པ། དྲུང་ཡིག་ཆེ་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམས་རྒྱུ་ཡིན་པ།
དྲུག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་གྲོས་འཆམ་བྱུང་རྒྱུ་ཡིན་པ།
བདུན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་ལ་གྲོས་ཞིབ་གྲོས་འཆམ་བྱུང་རྒྱུ་ཡིན་པ།
བརྒྱད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་འདྲི་དཔྱོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་འདྲི་དཔྱོད་གནས་ཚུལ་གྱི་སྙན་སྒྲོན་ལ་གྲོས་ཞིབ་གྲོས་འཆམ་བྱུང་རྒྱུ་ཡིན་པ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10