ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-02-07

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། འཐུས་མི་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས། 
        ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་ཕེབས་ཏེ་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་། 
        དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་ནི་ཏང་ཀྲུང་དབྱང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད་རྗེས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ་བསྡུས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་གནང་བའི་བསླབ་བྱའི་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཧུར་ཐག་སྒོས་དུས་རབས་གསར་པ་དང་འགན་འཁྲི་གསར་བ། སྒྲིག་སྲོལ་གསར་བ་དང་མཐུན་པར་བྱེད་པ་དང་། བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་ལས་འགན་བཀོད་སྒྲིག་བྱེད་པར་མ་ཟད། རྒྱ་ཆེའི་དཔོན་དམག་རྣམས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྟོབས་ལྡན་དམག་དཔུང་གི་བགྲོད་ལམ་དུ་སྐྱོད་པར་སྐུལ་སློང་བྱེད་པ་དང་། ཧུར་ཐག་སྒོས་སྟོབས་ལྡན་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དམག་དཔུང་འཛུགས་སྐྲུན་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཏང་དང་མི་དམངས་ཀྱི་གནང་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དེ་རེད། །


  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།