དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2018-02-07

       ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བསམ་འཆར་བཏོན།
        བསམ་འཆར་ལས་བསྟན་དོན། ལོ་བརྒྱའི་ཇུས་ཆེན་གྱི་གཞི་རྩ་ནི་སློབ་གསོ་ཡིན་པ་དང་སློབ་གསོའི་ཇུས་ཆེན་གྱི་གཞི་རྩ་ནི་དགེ་རྒན་ཡིན། རྒྱལ་ཁབ་དར་རྒྱས་སུ་གཏོང་དགོས་ན་ཐོག་མར་དགེ་རྒན་གྱི་དཔུང་སྡེ་སྟོབས་ལྡན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་སྤྱིའི་རེ་བ་གསལ་བོར་ཤེས་པར་བྱེད་དགོས་ཟེར། བསམ་འཆར་ལས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འཐབ་ཇུས་དོན་སྙིང་དང་མཛུབ་སྟོན་བསམ་བློ། གཞི་རྩའི་རྩ་དོན། དམིགས་འབེན་དང་ལས་འགན་བཅས་རྒྱས་བཤད་བྱས་ཡོད། 
        བསམ་འཆར་ལས་ད་དུང་བསམ་བློ་ཆབ་སྲིད་བྱང་ཚད་ཇེ་མཐོར་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས་པ་དང་། ཤུགས་ཆེན་པོས་དགེ་རྒན་གྱི་སློབ་གསོ་དར་སྤེལ་བྱས་ནས་མུ་མཐུད་དུ་ཆེད་ལས་བྱང་ཚད་ནུས་པ་ཇེ་ཆེར་གཏོང་དགོས། དགེ་རྒན་གྱི་དོ་དམ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱས་ནས་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གོ་གནས་དང་ཐོབ་ཐང་མུ་མཐུད་དུ་ཇེ་མཐོར་བཏང་ནས་དགེ་རྒན་དེ་ཀུན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་སུ་འགྱུར་བར་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་ཏེ་གྲུབ་འབྲས་ཐོབ་པར་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་རེ་བ་བཏོན།།

0


  • ལེ་ཚན་སྔོན་མ།:ཝུ་རུ་མུ་ཆི་-ཟི་ལིང་-ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།