མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-02-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་འཚམས་འདྲིར་ཡོང་བའི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཝ་ཧྲིན་ཐོན་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ས་ཁུལ་གྱི་བདེ་འཇགས། རྒྱལ་སྲུང་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།
ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དུས་བཅད་ལྟར་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ཆབ་སྲིད་དང་བདེ་འཇགས། ཉོ་ཚོང་། དངུལ་གཏོང་། དེ་མིན་མི་གཞུང་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། དེའི་ཞོར་དུ་རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་དང་གཉིས་ཕན་གྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ཇེ་མང་དུ་བཏང་སྟེ། རྒྱལ་ཁབ་གཉིས་ལ་ལས་ཞུགས་གོ་སྐབས་གསར་སྐྲུན་བྱེད་རྒྱུ་ཁས་ལེན་བྱས། དེ་ལས་གཞན་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ད་རུང་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁའི་དཔོན་ཕྱོགས་དང་ཚོང་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10