སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

        2018-01-31

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ལེགས་པོར་གྲུབ་ནས་སྤྱི་ཟླ་དང་པོའི་ཚེས་29ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་རུ་མཇུག་སྒྲིལ།
  མཇུག་སྒྲིལ་བའི་ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞི་ནི་ཁོ་ཙུན་ཕིང་དང་ཚུའེ་པའོ་ཧྭ།  ཀྲུང་མེན།  ཀྲང་ཡུས་ཏུང་།  ཝང་ཀྲེང་རུང་།  ཀྲའོ་ཀྲེན་ཞན།  ཁྲེན་ཧྥང་།  ལིན་ཧྲུའུ་ཁྲེང་།  ཨོའུ་དབྱང་ཙེ་ཧྭ།  ཀྲུའུ་ཁྲུན་ཞིའུ།  ཝང་ཅན་ཅུན་བཅས་ཡིན་པ་རེད།
  མཇུག་སྒྲིལ་བའི་ཚོགས་ཆེན་ཞུགས་དགོས་པའི་ཨུ་ཡོན་865དང་དངོས་ཞུགས་ཨུ་ཡོན་851ཡོད་པས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན།
  ཀྲུང་གུང་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་།  ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དབྱི་ལི།  ཏེང་ཞའོ་ཀང་།  ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་གཞོན་པ་དང་གཡུལ་སའི་མཁའ་དམག་གི་དམག་སྤྱི་ཀྲན་ཧུ་ཧྲུན་སོགས་གདན་ཞུས་ལྟར་མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད།  ཀྲུའུ་ཞི་སྟེགས་བུར་བཞུགས།
  མཇུག་སྒྲིལ་བའི་ཚོགས་ཆེན་གྱི་སྔོན་དུ་འཚོགས་པའི་འདེམས་བསྐོའི་ཚོགས་ཆེན་ཐོག  ཁོ་ཙུན་ཕིང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་ཚུའེ་པའོ་ཧྭ།  ཀྲུང་མེན།  ཀྲང་ཡུས་ཏུང་།  ཝང་ཀྲེང་རུང་།  ཀྲའོ་ཀྲེན་ཞན།  ཁྲེན་ཧྥང་།  ལིན་ཧྲུའུ་ཁྲེང་།  ཨོའུ་དབྱང་ཙེ་ཧྭ།  ཀྲུའུ་ཁྲུན་ཞིའུ་བཅས་ཀྲུའུ་ཞི་གཞོན་པར་བདམས།  ཝང་ཅན་ཅུན་དྲུང་ཡིག་ཆེན་མོར་བདམས་པ་དང་མ་ཞའོ་པིན་སོགས་ཨུ་ཡོན་161རྒྱུན་ལས་ཨུ་ཡོན་དུ་བདམས།
        མཇུག་སྒྲིལ་བའི་ཚོགས་ཆེན་ཐོག་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད།》དང་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ།》ལ་གྲོས་འཆམ་བྱུང་།
        ཝང་ཏུང་མིང་གིས་མཇུག་སྒྲིལ་ཚོགས་ཆེན་ཐོག་གསུང་བཤད་གནང་བར་མ་ཟད། ཀྲུང་གུང་སི་ཁྲོན་ཞིང་ཨུའི་ཚབ་མཛད་དེ་གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་ལ་རྟེན་འབྲེལ་ཞུས་པ་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་ཨུ་ཡོན་ཡོངས། དེ་མིན་ལས་གནས་དང་བྲལ་བའི་ཀྲུའུ་ཞི་གཞོན་པར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་བརྟན་བརླིང་དབུ་ཁྲིད་འོག ཞིང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ནན་མོ་བྱས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་འདོམས་ཕྱོགས་བསྡུས་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་མོ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟན་ཟབ་སྤེལ་བྱས། མཆོང་བརྒལ་གཉིས་ཧུར་ཐག་སྐུལ་འདེད་དང་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་སོ་སོར་སྐུལ་འདེད་བཏང་ནས་གལ་ཆེའི་གྲུབ་འབྲས་གསར་པ་བླངས། ཆེས་སྤྱིར་བཏང་མིན་པའི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་འདིར་ཕྱིར་རྟོག་བྱས་ཚེ། ང་ཚོར་ཆེས་སེམས་འགུལ་ཐེབས་ཤོས་ནི་སི་ཁྲོན་གྱི་དཔལ་འབྱོར་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་འཛེགས་ཏེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་དང་གོང་འཕེལ་གྱི་བར་སྟོང་རྒྱ་ཆེན་པོ་མངོན་པ་དང་། ང་ཚོ་དགའ་འོས་པ་ཞིག་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐོབ་སེམས་དང་སྐྱིད་སྣང་། དེ་མིན་བདེ་འཇགས་ཉམས་སྣང་མངོན་གསལ་ངང་འཕར་སྣོན་བྱུང་ཞིང་། ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་གྱི་རྣམ་པ་གསར་པ་ཞིག་ཆགས་པ་དེ་ཡིན་པ་རེད། ང་ཚོས་ཆེས་བརྗེད་པར་དཀའ་བ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་ཨུ་དང་སྐྱིད་སྡུག་མཉམ་མྱོང་། བློ་ཁ་གཅིག་མཐུན་གྱིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་པ་རེད་ཅེས་ནན་གྱིས་བསྟན། 
        ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཟབ་ཞུགས་བྱས་པའི་ལས་ཁུངས་སོ་སོ། རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་གྱིས་སྤྱི་ལ་ཞབས་ཞུ་བསྒྲུབ་པ་དམིགས་སུ་འཛིན་པ་དང་ཁྱོན་ཡོངས་ནས་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན། དམངས་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུ་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བར་མཉམ་དུ་འབད་པ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུས་གོམ་དང་མདུན་སྤོས་ཀྱིས་སྲིད་གྲོས་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་མི་དམངས་སྲིད་གྲོས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་གྲོས་སྒྲིག་སྲོལ་ལྟར་རང་ཚུགས་འགན་ཁུར་དང་མཐུན་སྦྱོར་གཅིག་མཐུན་གྱིས་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱ་དགོས་པར་མ་ཟད། རང་རྟོག་གིས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་དང་ཚད་མཐོན་པོས་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་རུ་ཁག་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་སྲིད་གྲོས་ཀྱིས་འོས་འགན་ལག་བསྟར་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་ཞེས་བསྟན།། 


  • ལེ་ཚན་སྔོན་མ།:མེ་ཧྲན་གྲོང་ཁྱེར་གྱིས་བོད་ཁུལ་དུ་རོགས་སྐྱོར་བྱེད་པར་ཤུགས་བསྣན།
  • ལེ་ཚན་རྗེས་མ།:ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུམ་ཅུ་བའི་གྲོས་ཚོགས་རབ་དང་རིམ་པ་གྲོལ།
  • དོ་སྣང་ཆེ་བའི་རྩོམ།