《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་དང་པོ་ཡང་བསྐྱར་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

        2018-01-30

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་ཟླ9པར《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》ཞེས་པ་དཔེ་སྐྲུན་བྱས་པ་དང་། ཉེ་ལམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་ཡིག་ཅུའུ་དང་མཉམ་དུ་དག་བཅོས་བྱས་ཏེ། མིང་ལ《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་དང་པོ་ཞེས་པར་བཅོས་ཤིང་། ཕྱི་ཡིག་པར་སྐྲུན་ཁང་གིས་རྒྱལ་ཁབ་ཕྱི་ནང་ལ་ཡང་བསྐྱར་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།
  《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་དང་པོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མཇུག་སྒྲིལ་བ་ནས2014ལོའི་ཟླ6པའི་ཚེས13ཉིན་བར་གྱི་གསུང་རྩོམ་གལ་ཆེན་དག་གཅིག་བསྡུ་བྱས་ཡོད་ལ། བསྡོམས་པས་གསུང་བཤད་དང་ཁ་བརྡ། གཏམ་བཤད། དྲི་ལན། མཆན་བཀོད། རྟེན་འབྲེལ་ཞུ་ཡིག་སོགས་རྩོམ་ཡིག79ཡོད་ལ་དེ་ཆེད་སྒྲིག18དུ་བགོས་ཡོད། མིག་སྔའི་བར་དུ། དཔེ་ཆ་དེ་ཀྲུང་གོ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཨ་རབ། སི་ཕན། ཕུའུ་ཐའོ་ཡ། འཇར་མན། འཇར་པན་སོགས་སྐད་རིགས24དང་པར་གཞི27དུ་བསྒྲིགས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་ཡོད་པ་དང་། དེར་དོ་སྣང་དང་དཔྱད་འཇོག་གང་ལེགས་ཐོབ་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་པར་བྱེད་ནུས་གལ་ཆེན་ཐོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་བྱེད་པར་ཡིག་ཆ་གལ་ཆེན་འདོན་སྤྲོད་བྱས་ཡོད།
   ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དགོངས་དོན་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་མ་ལག་དང་ལྡན་པའི་སྒོ་ནས་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་རོགས་སྐྱོར་བྱ་ཆེད། 2017ལོའི་ཟླ11པར《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་གཉིས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད། དུས་མཚུངས་སུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་ཆེད་བམ་པོ་དང་པོ་ཡང་བསྐྱར་དཔེ་སྐྲུན་བྱས་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:མེ་ཧྲན་གྲོང་ཁྱེར་གྱིས་བོད་ཁུལ་དུ་རོགས་སྐྱོར་བྱེད་པར་ཤུགས་བསྣན།
  • དོ་སྣང་ཆེ་བའི་རྩོམ།