2018-01-30
སྤྱི་ཟླ་དང་པོའི་ཚེས26ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོགས་པ་རེད།
ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི882དང་དངོས་སུ་ཞུགས་པའི་འཐུས་མི866ཡོད་པས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལས་འཛིན་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་གཙོ་འགན་བཞེས། དབྱི་ལི་ཡིས་ཚོགས་ཆེན་ལ་ལས་ཀའི་སྙན་སེང་ཞུས་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལས་འཛིན་ཀྲུའུ་ཞི་ཧོང་ཅན་ཧྥ་དང་ཁྲེན་ཀོང་ཀྲི། ཧོང་ཡན་རུང་། ཧོང་ཞིན་ཁྲུའུ། ཕེང་ཡུས། ལི་ཞང་ཀྲི། ལིའུ་ཙུའོ་མིང་། ཅའོ་ཝེ་ཞ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
དབྱི་ལི། ཁོ་ཙུན་ཕིང་། ཏེང་ཞའོ་ཀང་། ཧྲུའུ་ཆིང་ཡིའུ་སོགས་ཚོགས་ཆེན་ལ་ཕེབས་པར་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས།
དབྱི་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་ལས་ཀའི་སྙན་ཞུ་ཕུལ། དབྱི་ལི་ཡིས་སྙན་སེང་ནང་བསྟན་དོན། ལོ་གཅིག་གི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་དགོངས་དོན་གལ་ཆེན་དོན་འཁྱོལ་བྱས་པ། ཞིང་ཆེན་ཏང་ཨའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཤིང་། བརྟན་བརླིང་ངང་མདུན་སྐྱོད་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞིར་དམ་འཛིན་བྱས། དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ལ་དམིགས་པ་དང་བསྒྱུར་འགོད་འཕེལ་རྒྱས་ཀྱི་འཐབ་ཇུས་བརྟན་ཤུགས་རྒྱུན་འཁྱོངས་བྱས་པ་དང་། གཅིག་བསྡུས་ཀྱིས་བརྟན་བརླིང་ངང་ཡར་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་སྒྲུབ། གོད་ཆག་སྔོན་འགོག་སོགས་ལས་གཞི་དག་ལེགས་པོར་བསྒྲུབས་ཏེ། བདེ་བླག་ངང་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་གཏན་འབེབས་བྱས་པའི་ལས་འགན་ལེགས་པོར་གྲུབ། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར36980ལ་ཟིན་པས་བརྒྱ་ཆ8.1འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་རྩའི་གཏོང་ཚད་བརྒྱ་ཆ10.2འཕར། སྤྱི་ཚོགས་འཛད་སྤྱོད་ཚོང་ཟོག་གི་སིལ་འཚོང་འབོར་གྲངས་བརྒྱ་ཆ12འཕར། གྲོང་རྡལ་དང་ཡུལ་ཤོག་སྡོད་དམངས་ཀྱི་ལག་ཐོག་ཡོང་འབབ་སོ་སོར་བརྒྱ་ཆ8.4དང་བརྒྱ་ཆ9.1འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆ1.4འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ9.5འཕར་བ་རེད།
དབྱི་ལི་ཡིས་སྙན་སེང་ནང་བསྟན་དོན། 2017ལོའི་ལས་ཀ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེས་སྐབས་འདིའི་སྲིད་གཞུང་གིས་འགན་བཞེས་ཡུན་གྱི་འབད་བརྩོན་དམིགས་འབེན་རྒྱལ་ཁའི་ངང་མངོན་དུ་གྱུར་བ་མཚོན། འདས་ཟིན་པའི་ལོ་ངོ་ལྔ་ནི་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ཁྲོད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ངོ་ལྔ་ཡིན་པ་རེད། རྙོག་འཛིང་ལྡན་པའི་དཔལ་འབྱོར་གྱི་གནས་བབ་དང་སྣེ་མང་བའི་འགལ་བ། རང་བྱུང་གནོད་འཚེའི་ཉམས་ཚོད་ལ་གདོང་གཏད་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་དང་སྣེ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་འབད་པ་ལྷུར་ལེན་དང་བརྩོན་པ་ཆེར་བསྐྱེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཤིང་། “མཆོང་བསྐྱོད་གཉིས”མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཤིང་རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་བསྡུས་སྟོབས་འབྱོར་སྐས་རིམ་གསར་པར་སླེབས། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་དང་བསྒྱུར་འགོད་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་གསར་པ་མགྱོགས་མྱུར་ངང་འཕེལ་བའི་རྣམ་པ་གྲུབ། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་སྣེ་མང་འདེགས་སྐྱོར་དང་“ཅན་གཉིས”མཉམ་འགུལ་གྱི་གྲོང་རྡལ་དང་ཡུལ་ཤོག་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གྱི་ཆུ་ཚད་སྤྱིའི་ཆ་ནས་མཐོར་འདེགས་སུ་ཕྱིན། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གཙོ་གནད་ཁྱབ་ཁོངས་བཅོས་བསྒྱུར་དང་མི་མངོན་པའི་འཕེལ་རྒྱས་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་སུ་བཏང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་པ་དེ་འབད་བརྩོན་གྱི་ཁ་ཕྱོགས་སུ་བཟུང་ནས། བརྩོན་པ་ལྷོད་མེད་ཀྱིས་སྲིད་གཞུང་གི་བྱེད་ནུས་བསྒྱུར་བཀོད་དང་ལས་ཀའི་སྤྱོད་ལམ་བཅོས་བསྒྱུར་བྱས་ནས་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10