2017ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

        2018-01-19

༡.ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ།

 2017ལོའི་ཟླ་བ10པའི་ཚེས18ནས24ཉིན་གྱི་བར། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་དུ་རྒྱལ་ཁའི་ངང་འཚོགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཞག་ནས་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་ཁྲིད་སྟོན་དགོངས་པར་གཏན་འཁེལ་བྱས་པ་རེད། 2017ལོའི་ཟླ་བ10པའི་ཚེས25ཉིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་རེད།

༢.ཞུང་ཨན་ཁུལ་གསར་བཙུགས་པ།
 2017ལོའི་ཟླ་བ3པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཀྲམ་ནས་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་ཐག་བཅད་པ་དང་། འཆར་འགོད་གཞི་ཁྱོན་ཧོ་པེ་ཞིང་ཆེན་གྱི་ཞུང་རྫོང་དང་། རུང་ཁྲེང་། ཨན་ཤིན་བཅས་རྫོང་གསུམ་དང་མཐའ་འཁོར་གྱི་ས་ཁོངས་དང་འབྲེལ་བ་ཡོད་པ་དེ་ནི་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་གཞུག་གི་རྒྱལ་ཡོངས་ཀྱི་དོན་སྙིང་ལྡན་པའི་ཁུལ་གསར་ཞིག་ཡིན་པར་མ་ཟད། ལོ་ངོ་སྟོང་གི་ཇུས་གཞི་ཆེ་མོ་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཀྱང་རེད།
༣.དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་ནས་ལག་ལེན་བསྟར་བ།
  དམངས་དོན་སྐོར་གྱི་ཁྲིམས་གཞུང་ཐོག་མའི་ངོས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》ལ་ཟླ་བ3པའི་ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། 2017ལོའི་ཟླ་བ10པའི་ཚེས་1ཉིན་དངོས་སུ་ལག་ལེན་བསྟར་བ་རེད།
༤.རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་བ།
 2017ལོའི་ཟླ་བ5པའི་ཚེས14དང15ཉིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིན་དུ་གཉེར་བ་རེད། དེ་ནི་ཀྲུང་གོས་གྲོས་འགོ་བཏོན་ནས་ཐོག་མར་གཉེར་བའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྒྲོམ་གཞིའི་ནང་གི་རིམ་པ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་རེད།
༥.རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་གནམ་ཐང་གྲུ་གཟིངས་དང་པོ་མཚོ་ཐོག་ཏུ་བསྐྱོད་པ།
 2017ལོའི་ཟླ་བ4པའི་ཚེས26ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གནམ་ཐང་གྲུ་གཟིངས་དང་པོ་མཚོ་ཐོག་ཏུ་བསྐྱོད་པ་དང་། དེ་ནི་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་དེ་རེད།
༦.དམག་དཔུང་བཙུགས་ནས་ལོ་ངོ90འཁོར་བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་པ།
 2017ལོའི་ཟླ་7ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་ཀྲུའུ་རེ་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
༧.རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའིC919གནམ་གྲུ་ཆེ་མོ་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ།
 2017ལོའི་ཟླ་བ5པའི་ཚེས5ཉིན་གྱི་ཕྱི་དྲོར་རང་རྒྱལ་གྱིས་རྒྱལ་སྤྱིའི་འཕུར་སྐྱོད་དང་འཚམ་པའི་ཚད་གཞི་གསར་ཤོས་གཞིར་བཟུང་ཞིབ་བཟོ་བྱས་པའི་མ་ལམ་གྱི་དམངས་སྤྱོད་གནམ་གྲུC919ཚོད་ལྟའི་འཕུར་སྐྱོད་ལམ་ལྷོངས་བྱུང་བ་རེད།
༨.རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་ཚོད་ལྟའི་ལས་དོན་རྒྱལ་ཡོངས་སུ་སྤེལ་བ།

  2017ལོའི་ཟླ་བ11པའི་ཚེས4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་རྒྱལ་ཡོངས་ས་གནས་ཁག་ཏུ་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། བཅོས་བསྒྱུར་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

༩.འཛམ་གླིང་གི་སྲིད་ཏང་གིས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱ་རྒྱུའི་གླེང་མོལ་བྱས་པ།

   ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྱི་གླེང་མོལ་ཚོགས་འདུ2017ལོའི་ཟླ་བ11ཚེས30ཉིན་ནས་ཟླ་བ12པའི་ཚེས3ཉིན་བར་པེ་ཅིན་དུ་འཚོགས་པ་དང་། བརྗོད་དོན་གཙོ་བོ་ནི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པ་ནི་སྲིད་ཏང་གི་འགན་འཁྲི་ཡིན”ཞེས་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
༡༠.ཤང་ཀྲུའུ་ཨའོ་གསུམ་གྱི་སྦྲེལ་ཟམ་ཆེན་མོའི་ལས་གྲྭ་གཙོ་བོའི་ལམ་ཐིག་ཚང་མ་ཤར་གཏོང་ཐུབ་པ།

   2017ལོའི་ཟླ་བ7པའི་ཚེས7ཉིན། ཤང་ཀང་དང་ཀྲུའུ་ཧའེ། ཨའོ་མོན་བཅས་སྦྲེལ་མཐུད་བྱེད་པའི་ཟམ་ཆེན་གྱི་མཚོ་འོག་གི་ཕུག་ལམ་ཏལ་འབིགས་ཐུབ་པ་ལས་ལོ་13རིང་སྔ་རྗེས་སུ་རིགས་པས་ཁུངས་སྐྱེལ་དང་། འཆར་འགོད། ཨར་སྐྲུན་བཅས་བྱས་པའི“དུས་རབས་ལས་གྲྭའི”ཤང་ཀང་དང་། ཀྲུའུ་ཧའེ། ཨའོ་མོན་བཅས་སྦྲེལ་མཐུད་ཟམ་ཆེན་གྱི་ལས་གྲྭ་གཙོ་བོའི་ལམ་ཐིག་ཚང་མ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད།


  • ལེ་ཚན་སྔོན་མ།:པེ་ཅིང་གི་སྒྱུ་རྩལ་ཁང་བརྒྱད་པར་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རྩེ་གྲ་འགྲེམ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགྲན་ཞུགས་བརྩམས་ཆོས་ལས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།