བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་ནུས་རྩལ་ཞིབ་འཇུག་ཐད་གྲུབ་འབྲས་བླངས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-03-18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱིས་འགན་བླངས་པའི་ཉིས་སྟོང་བཅུ་གཉིས་ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཏེ།ཚིག་ཐུང་གཞིར་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་འདིས་བོད་ཡིག་མིང་མཚམས་རང་དབྱེ་དང་མིང་གི་རང་བཞིན་ལ་རྟགས་མཚན་འགོད་པ།བོད་ཡིག་མིང་མཛོད།ཚིག་ཐུང་གཞིར་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་ནུས་རྩལ་སོགས་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། མིག་སྔར"ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག"དེ་བེད་སྤྱོད་ཁྲོད་ཕན་འབྲས་ལེགས་པོ་བྱུང་བས་མཚོན་བྱེད་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་ཐོབ།
རྒྱུས་ལོན་པ་ལྟར་ན།ཞིབ་འཇུག་རྣམ་གྲངས་འདིའི་ཁྲོད"ཉི་འོད་བོད་ཡིག་མིང་མཚམས་རང་དབྱེའི་མ་ལག"གི་མིང་མཚམས་དབྱེ་བའི་མགྱོགས་ཚད་དེ་སྐར་ཆ་རེར་ཐ་སྙད་སྟོང་ལ་སླེབས་ཤིང་།བོད་ཡིག་དེང་རབས་གཞུང་ཡིག་ཁྱབ་ཁོངས་ཀྱི་མིང་མཚམས་འབྱེད་པའི་ཡང་དག་ཚད་བརྒྱ་ཆའི་གོ་ལྔ་ལ་སླེབས།དེ་དང་མཉམ་དུ་བོད་ཡིག་གི་མིང་མཚམས་རང་དབྱེ་དང་མིང་གི་རང་བཞིན་ལ་རྟགས་མཚན་འགོད་པར་གཞོགས་འདེགས་བྱས་ཤིང་། ཞིབ་འཇུག་རྣམ་གྲངས་འདིས«ཆ་འཕྲིན་ལག་རྩལ་ལ་བོད་ཡིག་ཐ་སྙད་རིགས་འགོད་ཀྱི་ཚད་འཛིན»བཟོ་བཅོས་འཐུས་ཚང་དུ་བཏང་བའི་ཁར།བོད་ཡིག་གི་མིང་མཚམས་རང་དབྱེ་དང་ཡང་དག་གིས་རྟགས་མཚན་འགོད་པ།བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་གྱི་དགོས་མཁོ་དང་ལྷག་ཏུ་མཐུན་པར་བྱས་ཡོད།
ཞིབ་འཇུག་ཚོགས་པས་ད་དུང་བོད་ཡིག་གི་མིང་མཚམས་རང་དབྱེ་དང་རྟགས་མཚན་འགོད་པར་གཞོགས་འདེགས་ཀྱི་བོད་ཡིག་གློག་རྡུལ་ཚིག་མཛོད་ཅིག་ཞིབ་འཇུག་དང་གསར་སྤེལ་བྱས་ཡོད་པ་དེར་ཐ་སྙད་འབུམ་གཅིག་འདུས་པའི«འཕྲུལ་ཀློག་ཚིག་མཛོད»དང«མིས་ཀློག་ཚིག་མཛོད»འདུས་ཤིང་།བོད་ཡིག་གི་སྐད་ཆའི་མཛོད་དུ་ཧ་ལམMB300ཡི་བོད་ཡིག་སྤྱི་སྤྱོད་སྐད་ཆའི་མཛོད་འཛུགས་སྐྲུན་བྱས་པ་དེར་བོད་ཡིག་སྦྱོང་བརྡར་གྱི་མིང་མཛོདMB10དང་།བོད་རྒྱ་སྐད་གཉིས་ཡང་དག་ཤན་སྦྱར་གྱི་མིང་མཛོད་འབུམ་གསུམ་ལྷག་འདུ།  ། 
  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:མཚོ་བོད་ལྕགས་ལམ་གྱིས་དཔྱིད་འདྲེན་སྐབས་སུ་སྐུ་མགྲོན་མི་ཐེངས་ཁྲི121བསྐྱལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།