མཁའ་མཚོ་སྐྱིད་ཀྱིས་བསྒྱུར། 2018-01-03
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་རིང་ལ། ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། གུང་དཀར་ཟངས་ཆས་ལས་སྣོན་ཐོན་ལས་སྐུལ་སྤེལ་རྣམ་གྲངས་ལག་བསྟར་བྱས་པ་དང་། འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་ལས་སྣོན་རྣམ་གྲངས་ཀྱི་དུས་རིམ་སྔ་མའི་རིགས་སྒྲུབ་ལས་དོན་སྤེལ་ཏེ། བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་སོ་སོ་ལེགས་པོར་གཉེར་བར་ཕན་འབྲས་ལེགས་པོ་ཐོབ།
རྒྱུས་ལོན་ལྟར་ན། གུང་དཀར་ཟངས་ཆས་ལས་སྣོན་ཐོན་ལས་སྐུལ་སྤེལ་རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི1003.17བཏང་བ་དང་། ན་ནིང་གི་ཟླ10བར་བདེ་བླག་ངང་འཛུགས་སྐྲུན་བྱེད་འགོ་བརྩམས། འཆར་གཞི་ལྟར་ན་ད་ལོའི་ཟླ7པར་རྣམ་གྲངས་ལེགས་འགྲུབ་བྱུང་ནས་སྤྱོད་འགོ་ཚུགས་རྒྱུ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་མི་སྣ་རྩ་འཛུགས་བྱས་ནས་ལྷ་ས་དང་གཞིས་ཀ་རྩེ་སོགས་ས་ཁུལ་དུ་རྟོག་ཞིབ་སློབ་སྦྱོང་དུ་མངགས་པ་དང་། ལྗོངས་ཡོངས་ཁྱབ་ཁོངས་ཀྱི་ནས་ཆང་དང་སྐོམ་ཆུའི་ཚོང་རར་ཞིབ་འཇུགས་བརྟག་དཔྱད་བྱས་ནས། འཕྱོགས་རྒྱས་ཆང་ཁྱིམ་ནས་ཆང་ལས་སྣོན་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས་པར་དེ་དབུལ་སྐྱོར་དང་འབབ་འཕར་གྱི་ལས་གཞི་རུ་གྱུར་བར་འབད་བརྩོན་བྱས། མིག་སྔའི་བར་དུ་རྣམ་གྲངས་དེ་བཟོ་འགོད་ཇུས་གཞི་ལེགས་འགྲུབ་བྱུང་བ་དང་ད་ལྟ་ཞིབ་འཇུག་སྙན་ཞུ་འགོད་བཞིན་པའི་སྒང་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10