ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས།

        2017-12-26

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས།

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ12པའི་ཚེས18ཉིན་ནས་ཚེས20ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

     ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་རྒྱུད་རིམ་ལ་ཕྱོགས་བསྡོམས་གནང་བ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2018ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་ལས་དོན་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་བར་མ་ཟད་ཕྱོགས་བསྡོམས་གསུངས་བཤད་གནང་བ་རེད།

     གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཁྱབ་ཁོངས་གཞན་དག་གི་བཅོས་བསྒྱུར་གོང་འཕེལ་ཐད་དངོས་པོའི་ཆ་རྐྱེན་གལ་ཆེན་མཁོ་འདོན་བྱུང་ཡོད། དཔལ་འབྱོར་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་གྲུབ་ཆར་འཕོ་འགྱུར་ཆེན་པོ་བྱུང་བ། དཔལ་འབྱོར་གྱི་གསོན་ཤུགས་དང་མཉེན་ཤུགས་སྔར་བས་ཆེ་རུ་ཕྱིན་པ། ཕྱི་ཕྱོགས་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་སོང་བ། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གནས་ཚུལ་མངོན་གསལ་དོད་པོས་ཡག་ཏུ་སོང་བ་བཅས་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད།

     གྲོས་ཚོགས་ཐོག་འདས་པའི་ལོ་ལྔའི་རིང་ལ། ང་ཚོས་ཕྱོགས་ཡོངས་ཀྱི་གནས་བབ་ལ་བལྟས་པ་དང་། ཁྱོན་ཡོངས་ཀྱི་ཇུས་གཞི་བཏིང་བ། དོན་དངོས་གཉེར་བ་བཅས་བྱས་ནས་གོང་འཕེལ་གྱི་འདུ་ཤེས་གསར་པས་ནང་དོན་གཙོ་བོ་བྱེད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ནི་འདས་པའི་ལོ་ལྔའི་རིང་ལ་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལག་ལེན་བསྟར་བའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གྲུབ་འབྲས་གསར་ཤོས། ཏང་དང་རྒྱལ་ཁབ་ཀྱི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་བཅས་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ཡུན་རིང་བྱ་དགོས་པ་དང་། རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་གོང་འཕེལ་གཏང་དགོས་ཞེས་བསྟན་པ་རེད།

     གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ཡང་དུས་རབས་གསར་པར་སླེབས་ཡོད་ཅིང་། གཞི་རྩའི་ཁྱད་ཆོས་ནི་རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་འཕར་སྣོན་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་དུས་མཚམས་སུ་འཕོ་འགྱུར་བྱུང་བ་དེ་ཡིན། སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་ལ་གོང་འཕེལ་རིག་ལམ་གཏན་འཁེལ་བྱ་རྒྱུ་དང་། དཔལ་འབྱོར་སྲིད་ཇུས་གཏན་འབེབས་བཟོ་རྒྱུ། སྤྱི་ཁོངས་སྙོམ་སྒྲིག་ཚོད་འཛིན་ལག་བསྟར་བྱ་རྒྱུ་བཅས་ཀྱི་རྩ་བའི་བླང་བྱ་ཡིན་པས། ངེས་པར་དུ་སྤུས་ཚད་ལྡན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་མ་ལག་དང་། སྲིད་ཇུས་མ་ལག ཚད་ལྡན་མ་ལག སྡོམ་རྩིས་མ་ལག གྲུབ་འབྲས་མ་ལག སྲིད་དོན་བྱས་རྗེས་དཔྱད་ཞིབ་མ་ལག་བཅས་ཅི་མགྱོགས་གང་མགྱོགས་འཛུགས་ཐུབ་པ་བྱ་དགོས་པ་དང་། ལམ་ལུགས་ཀྱི་ཁོར་ཡུག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་གོང་འཕེལ་ཐོག་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱ་དགོས་ཞེས་བསྟན་པ་རེད།

     གྲོས་ཚོགས་ཐོག2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་པོ་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བའི་ལོ་ཡང་ཡིན་པ་རེད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་རེད། དེང་སང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། བརྟན་པོའི་ངང་ནས་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་གཞིགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་ལྟར། ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་རྒྱུན་འཁྱོངས་བྱེད་རྒྱུ་གཙོ་བོར་འཇོག་པ། འཕར་སྣོན་བརྟན་པོ་དང་། བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་ཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་ནས། ཉེན་ཁ་ཆེན་པོ་སྔོན་འགོག་དང་འདུམ་ཐབས་བྱེད་པ། དབུལ་སྐྱོར་གནད་སྨིན་དང་། འབག་བཙོག་འགོག་བཅོས་ཀྱི་ལས་དོན་ལ་གྲུབ་འབྲས་ཐོབ་པ་བྱེད་པ། སྔོན་དཔག་ལ་ཁྲིད་སྟོན་དང་བརྟན་པོ་ཡོང་བ་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད། 

     གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་གཞིར་བཟུང་། ཕྱིན་ཆད་ཀྱི་ལོ་གསུམ་ནང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་བ། དབུལ་སྒྲོལ་གནད་སྨིན། སྦགས་བཙོག་འགོག་བཅོས་བཅས་འགག་གཏོར་ཆེན་པོ་གསུམ་ལ་དམ་འཛིན་བྱ་དགོས། ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པའི་གཙོ་གནད་ནི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ཡག་པོ་བྱེད་པ། ཁྲིམས་དང་སྒྲིག་ཁྲིམས་ལས་འགལ་བའི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཉམས་ཞན་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། གནད་འཕིགས་དབུལ་སྒྲོལ་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པར་ད་ཡོད་ཀྱི་ཚད་གཞིའི་འོག་དབུལ་སྒྲོལ་སྤུས་ཚད་འགན་ལེན་བྱདགོས་པ་སྟེ། ཚད་གཞི་དམའ་རུ་གཏོང་མི་རུང་ལ་རེ་འདོད་ཆེན་པོ་བཅངས་མི་རུང་། དམིགས་བསལ་གཏན་འཁེལ་གྱི་དབུལ་ཕོངས་མང་ཚོགས་ལ་གནད་ལ་འཕིགས་པའི་རོགས་རམ་བྱེད་པ་དང་། ཆེས་དབུལ་ཕོངས་ས་ཁུལ་ལ་དོ་ཁུར་དང་ཤུགས་སྣོན་རྒྱག་པ། དབུལ་ཕོངས་མི་འབོར་གྱི་ནང་སྐྱེའི་སྒུལ་ཤུགས་ཆེ་རུ་འགྲོ་བ་བྱ་དགོས། འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་བརྒྱབ་སྟེ། འབག་བཙོག་དངོས་པོ་གཙོ་བོའི་འབུད་བཤངས་སྤྱི་འབོར་ཆེས་ཆེར་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་འགྲོ་བ་བྱ་དགོས་པ་དང་གཙོ་གནད་ནི་ནམ་མཁའ་སྔོ་ཞིང་དྭངས་པ་ཡོང་བ་བྱ་རྒྱུ་དེ་ཡིན་པ་གཏན་འཁེལ་བྱས་པ་རེད། གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ་གཙོ་གནད་ལས་དོན་ཁག་བརྒྱད་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས། གཉིས་ནི་རིགས་མི་འདྲ་བའི་ཚོང་རའི་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་བ་བྱ་དགོས། གསུམ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་དགོས། བཞི་ནི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱ་དགོས། ལྔ་ནི་ཁྱོན་ཡོངས་སྒོ་དབྱེའི་གནས་སྟངས་གསར་པ་འགྲུབ་རྒྱུར་སྐུལ་འདེད་གཏང་དགོས། དྲུག་ནི་དམངས་འཚོ་ལེགས་བཅོས་དང་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏང་དགོས། བདུན་ནི་རྣམ་པ་མང་བའི་མཁོ་སྤྲོད་དང་། ཐབས་ལམ་མང་བའི་འགན་སྲུང་། བོགས་གཡར་དང་ཉོ་སྒྲུབ་མཉམ་དུ་བཟུང་བའི་སྡོད་ཁང་ལམ་ལུགས་ཅི་མགྱོགས་གང་མགྱོགས་འཛུགས་དགོས། བརྒྱད་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་བཏོན་པ་རེད། གྲོས་ཚོགས་ཐོག་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། རང་རྟོགས་གིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱ་དགོས་པ་དང་། ཏང་ཀྲུང་དབྱང་གི་དེང་སང་གི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ལྟ་སྐུལ། དཔྱད་ཞིབ། བྱ་དགའ་ཆད་གཅོད་སོགས་ཀྱི་ལས་དོན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་སྦྱོང་དང་ལག་ལེན་ལ་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་བ་བྱ་དགོས། ལས་བྱེད་པའི་དཔྱད་ཞིབ་དང་གདེང་འཇོག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་བྱེད་པས་བློ་ཁོག་ཆེན་པོས་གསར་སྐྲུན་དང་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན་པ་རེད། གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་བྱེད་པ། ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ཏེ་དཔལ་འབྱོར་ལས་དོན་འགོ་ཡག་པོ་འཛུགས་ཐུབ་རྒྱུར་འགན་ལེན་བྱ་དགོས་པའི་འབོད་སྐུལ་གནང་བ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་ལོ་ཧྲིལ་པོའི་དམངས་འཚོ་ལས་གྲྭའི་ལས་འགན་བཅུ་ཆ་དགུ་དང་ཡང་ན་ཚད་བརྒལ་ནས་གྲུབ།
  • ལེ་ཚན་རྗེས་མ།:དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
  • དོ་སྣང་ཆེ་བའི་རྩོམ།