གངས་སྐྱིད་ཀྱིས་བསྒྱུར། 2017-12-21
ཟླ་བ12པའི་ཚེས16ཉིན་དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གོང་ཚེས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་གཞི་གྲངས་གཙོ་བོའི་སྤྱི་བསྒྲགས》ཨང་བཞི་པ་དང་ལྔ་པ་བསྒྲགས་པ་རེད། བརྟག་དཔྱད་བྱས་པའི་ཐོག་ནས་མཚོན་དོན། ཉེ་བའི་ལོ10རིང་ལ་ཞིང་སྡེ་ཡུལ་མིའི་སྡོད་ཁང་ཆ་རྐྱེན་དང་། འཐུང་ཆུ་ཉེན་མེད། ནུས་པའི་འབྱུང་ཁུངས་གཙང་མ་བེད་སྤྱོད། སྤྱོད་ཤེད་ཆེ་བའི་དངོས་རྫས་ཡོད་ཚད་སོགས་ཕྱོགས་མང་པོའི་ཐད་ཀྱི་ཆུ་ཚད་མངོན་གསལ་དུ་མཐོ་རུ་ཕྱིན་པ་རེད།
ཞིང་པའི་འབྲེལ་ཡོད་འཚོ་བའི་ཆ་རྐྱེན་སྐོར་བརྟག་དཔྱད་བྱེད་པའི་ཐོག་ནས་མཚོན་དོན། 2016ལོའི་ལོ་མཇུག་ཏུ་ཞིང་དུད་བརྒྱ་ཆ99.5ལ་རང་ཉིད་ཀྱི་སྡོད་ཁང་ཡོད་པས2006ལོ་དང་བསྡུར་ན་བརྒྱ་ཆ0.2འཕར་ཡོད། ས་ཕག་གྲུབ་ཆའི་སྡོད་ཁང་དུ་སྡོད་མཁན་གྱི་ཞིང་དུད་ཁྲི13182ཡོད་པ་དེས་བརྒྱ་ཆ57.2བཟུང་བས་ལོ10ཡི་སྔོན་དང་བསྡུར་བརྒྱ་ཆའི་གྲངས་ཀ17.8འཕར་བ། སོ་ཕག་དང་རྡོ་ཤིང་སོགས་གྲུབ་ཆའི་སྡོད་ཁང་དུ་སྡོད་མཁན་གྱི་ཞིང་དུད་ཁྲི5993ཡོད་པ་དེས་བརྒྱ་ཆ26.0བཟུང་སྟེ་ལོ10ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས་ཀ18.3མར་ཆག་ཡོད། ངར་ལྕགས་དང་ཨར་འདམ་གྲུབ་ཆའི་སྡོད་ཁང་དུ་སྡོད་མཁན་གྱི་ཞིང་དུད་ཁྲི2884ཡོད་པ་དེས་བརྒྱ་ཆ12.5བཟུང་བས་ལོ10ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས་ཀ6.5འཕར་ཡོད། སྨྱུག་མ་དང་རྩྭ། ས་ཕག་གྲུབ་ཆའི་སྡོད་ཁང་དུ་སྡོད་མཁན་གྱི་ཞིང་དུད་ཁྲི640ཡོད་པ་དེས་བརྒྱ་ཆ2.8བཟུང་བས་ལོ10ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས་ཀ6.8མར་ཆག་ཡོད། གཞན་དག་གྲུབ་ཆའི་སྡོད་ཁང་དུ་སྡོད་མཁན་གྱི་ཞིང་དུད་ཁྲི329ཡོད་པ་དེས་བརྒྱ་ཆ1.4བཟུང་བས་ལོ10ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས་ཀ0.7འཕར་ཡོད་པ་རེད།
བརྟག་དཔྱད་བྱས་པའི་ཐོག་ནས་མཚོན་དོན། 2016ལོར་ཆ་སྙོམས་དུད་ཚང་བརྒྱ་རེར་རླངས་འཁོར་ཆུང་ཆུང24.8ཡོད་པས་ལོ10ཡི་སྔོན་དང་བསྡུར་ན21.4འཕར་ཡོད། ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས115.2ཡོད་པས་ལོ10ཡི་སྔོན་དང་བསྡུར་ན32.2འཕར་ཡོད། གློག་ཀླད32.2ཡོད་པས་ལོ10ཡི་སྔོན་དང་བསྡུར་ན30.0འཕར་བ། ལག་ཁྱེར་ཁར་པར244.3ཡོད་པས་ལོ10ཡི་སྔོན་དང་བསྡུར་ན174.5འཕར་ཡོད་པ་རེད།
2016ལོར་ཞིང་པས་ཟ་མ་བཙོས་ས་དང་དྲོད་ལེན་པར་སྤྱོད་རྒྱུའི་ནུས་པའི་འབྱུང་ཁུངས་ཨང་དང་པོ་ནི་གློག་ཡིན་པ་དང་། དེའི་རྗེས་སོལ་རླངས་དང་རང་བྱུང་སོལ་རླངས། རྡོ་སྣུམ་གཤེར་གྱུར་རླངས་པ་སོགས་ཡིན་པ་རེད།
2006ལོར་མི་རྣམས་ཀྱིས་འབུད་ཤིང་དང་རྡོ་སོལ་སྤྱད་དེ་ཟ་མ་བཙོས་པ་དང་དྲོད་ལེན་པར་སྤྱོད་རྒྱུ་ཨང་དང་པོ་དང་། ཨང་གཉིས་པ་ཡིན་པའི་རྡོ་སོལ་དེ་ཞིང་པས་བེད་སྤྱོད་བྱེད་པའི་ནུས་པའི་འབྱུང་ཁུངས་མ་ཡིན་པ། ཞིང་པས་སྤྱོད་པའི་ནུས་པའི་འབྱུང་ཁུངས་དེ་བས་གཙང་མ་དང་འཚོ་བའི་རོལ་སྟངས་དེ་བས་ལྗང་མདོག་སྐྱེ་ཁམས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་དང་ལེན་ཞུ་ཚད་ལ་བལྟས་ན། ཞིང་ལས་ཐོན་སྐྱེད་བདག་གཉེར་བྱེད་མཁན་མི་སྣའི་བྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད། ས་ཁུལ་བགོས་ཏེ་བལྟས་ན། ནུབ་རྒྱུད་ས་ཁུལ་དུ་སློབ་གསོ་དང་ལེན་ཞུ་ཚད་ཆེས་དམའ་ཞིང་། 2016ལོར་དམའ་རིམ་སློབ་འབྲིང་གི་རིག་གནས་ཀྱི་ཆུ་ཚད་ཡོད་པའི་ཞིང་ལས་ཐོན་སྐྱེད་བྱེད་མཁན་ཆེས་མང་བས། ཞིང་ལས་ཐོན་སྐྱེད་བདག་གཉེར་བྱེད་མཁན་མི་སྣའི་བསྡུར་ཚད་བརྒྱ་ཆ48.4ཡིན་པ་དང2006ལོ་ལས་བརྒྱ་ཆའི་གྲངས་ཀ3.3འཕར་བ། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གསོ་དང་ལེན་ཞུ་བའི་བསྡུར་ཚད་བརྒྱ་ཆ7.1ཡིན་པ་དང2006ལོ་ལས་བརྒྱ་ཆའི་གྲངས་ཀ3.0འཕར་བ། མཐོ་རིམ་ཆེད་ལས་སློབ་གྲྭ་དང་དེའི་ཡན་གྱི་སློབ་གསོ་དང་ལེན་ཞུ་བའི་བསྡུར་ཚད་བརྒྱ་ཆ1.2ཡིན་པ་དང2006ལོ་ལས་བརྒྱ་ཆ1.0འཕར་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10