ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་བརྒྱ་ཆ8.4འཕར་བ།

ཀུན་དགས་བསྒྱུར།        2017-12-20

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས11ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ཐོག་ནས་མཚོན་པར་གཞིགས་ན། རིམ་རྩིས་བྱས་ན་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར161748ལ་ཟིན་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ8.4འཕར་བ་རེད།

དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་36072ལ་ཟིན་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ11.2འཕར་ཡོད། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར25676ལ་ཟིན་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ4.5ཆག་ཡོད། ཁྲལ་བསྡུ་མིན་པའི་ཡོང་འབབ་དང་། རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་སོགས་ཆག་པའི་རྐྱེན་གྱིས་ཟླ་བ11པའི་ནོར་སྲིད་ཡོང་འབབ་འཕར་ཚད་ཆག་ནས་ཟླ་བ་དེའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11385ལ་ཟིན་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ1.4ཆག་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར8779ལ་ཟིན་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ2.6འཕར་བ་དང་ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར2606ལ་ཟིན་པས་ན་ནིང་གི་དུས་མཉམ་བསྡུར་ན་བརྒྱ་ཆ12.9ཆག་ཡོད་པ་རེད།

གཏོང་སྒོ་གཙོ་བོའི་ལས་གཞིའི་གནས་ཚུལ་ལ་བལྟས་ན། སློབ་གསོར་སྒོར་དུང་ཕྱུར26625བཏང་ནས་བརྒྱ་ཆ8.1འཕར་བ་དང་། ཚན་རིག་ལག་རྩལ་ལ་སྒོར་དུང་ཕྱུར5836བཏང་ནས་བརྒྱ་ཆ11འཕར་བ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ལ་སྒོར་དུང་ཕྱུར2631བཏང་ནས་བརྒྱ་ཆ10.3འཕར་བ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་སྒོར་དུང་ཕྱུར22751བཏང་ནས་བརྒྱ་ཆ15.7འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ལ་སྒོར་དུང་ཕྱུར13329བཏང་ནས་བརྒྱ་ཆ9.5འཕར་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ལ་སྒོར་དུང་ཕྱུར4506བཏང་ནས་བརྒྱ་ཆ16.7འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལ་སྒོར་དུང་ཕྱུར20294བཏང་ནས་བརྒྱ་ཆ4.1འཕར་བ། ཞིང་ལས་དང་། ནགས་ལས། ཆུ་བེད་བཅས་ལ་སྒོར་དུང་ཕྱུར15214བཏང་ནས་བརྒྱ་ཆ5.9འཕར་བ། བུ་ལོན་སྐྱིན་འཇལ་ལ་སྒོར་དུང་ཕྱུར5726བཏང་ནས་བརྒྱ་ཆ27འཕར་བ་བཅས་རེད།།


  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ནས་ཞི་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:ཞིང་པ་ཚོས་གྲལ་སྒྲིག་མི་དགོས་ལ་ལས་བྱེད་པ་ཡང་རྒྱུག་མི་དགོས་པའི་དམངས་ཕན་ལས་གཞི།
  • དོ་སྣང་ཆེ་བའི་རྩོམ།