བདེ་སྐྱིད་ཀྱིས་བསྒྱུར། 2017-12-14
ཉེ་ཆར། ཉག་ཆུ་རྫོང་མགར་ར་གྲོང་རྡལ་དུ་དུས་ཚིགས་བཞི་པའི་འཛུགས་སྐྲུན་ལས་གཞི་གཅིག་བསྡུས་ཀྱིས་ལས་འགོ་འཛུགས་པའི་མཛད་སྒོ་སྤེལ་བ་རེད།ཐེངས་འདིར་ལས་གཞིའི་མ་དངུལ་བསྡོམས་འབོར་སྒོར་ཁྲི40687བཏང་ནས་ལས་གཞི42གཅིག་བསྡུས་ཀྱིས་ལས་འགོ་བཙུགས་པ་རེད།
ཐེངས་འདིར་ལས་འགོ་བཙུགས་པའི་ལས་གཞིའི་ནང་ཉག་ཆུ་རྫོང་གི་ཐུམ་འབུའི་ནད་ཀྱི་ཁམས་བདེའི་སྨན་བཅོས་ལྟེ་གནས་དང་། དར་མདོ་ནས་ཉག་ཆུ་བར་གྱི་ཆེས་མཛེས་པའི་ཡུལ་སྐོར་བརྒྱུད་ལམ་ཆེན་པོ། ཁམས་པའི་ཕོ་རྒོད་གྲོང་སྡེའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས།གཞུང་ལམ་འགྲིམ་འགྲུལ་སྒྲིག་ཆས།གློག་ཤུགས་སྒྲིག་ཆས་སོགས་ཀྱི་ལས་གཞི་འདུས་པ་འདི་རྫོང་ཡོངས་ཀྱི་སྤྱི་ཚོགས་བྱ་གཞག་དང་།རྨང་གཞིའི་སྒྲིག་ཆས། ཐོན་ལས་འཕེལ་རྒྱས་བཅས་རིགས་ཆེན་པོ་གསུམ་དང་འབྲེལ་ཞིང་། མ་དངུལ་བསྡོམས་འབོར་སྒོར་ཁྲི40687གཏོང་འཇོག་བྱས་པའི་ནང་ལོ་འཁོར་དུ་མ་དངུལ་སྒོར་ཁྲི8200གཏོང་འཇོག་བྱ་རྒྱུའི་འཆར་གཞི་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་།ཉག་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་ཡོང་བར་དམ་འཛིན་བྱེད་པ་དེ་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་རྒྱུར་བརྩིས་པ་དང་། ལས་གཞི་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་པ་དེ་མ་འཇོག་སྐུལ་ཁྲིད་དམ་འཛིན་བྱ་རྒྱུར་བརྩིས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་གནས་བབ་བཟང་པོ་ཆགས་ཡོད་པ་རེད། ད་ལོར་རྫོང་དེས་འཛུགས་སྐྲུན་ལས་གཞི132འཆར་འགོད་ལག་བསྟར་བྱ་རྒྱུ་ཡིན་པ་དང་།ལོ་འཁོར་དུ་མ་དངུལ་སྒོར་དུང་ཕྱུར57.47གཏོང་འཇོག་བྱ་རྒྱུའི་འཆར་འགོད་ཡིན་པ་རེད། ཟླ་བ9པའི་བར་མ་དངུལ་སྒོར་དུང་ཕྱུར36.33གྱི་ལས་གཞི་འཛུགས་སྐྲུན་བྱས་ནས་ལོ་འཁོར་འཆར་གཞིའི་མ་འཇོག་སྒོར་བརྒྱ་ཆ63ལ་ཟིན་ཡོད། དགར་ར་སློབ་འབྲིང་སོགས་ལས་གཞི36རྒྱུན་མཐུད་ལེགས་འགྲུབ་བྱུང་ནས་རྫོང་ཁོངས་དཔལ་འབྱོར་སྔར་བས་ཇེ་དྲགས་ཏུ་ཕྱིན་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10