2017-12-12
ཞིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་བ12པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར་སྐབས་བཞི་པའི་འཛམ་གླིང་དྲྭ་སྦྲེལ་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་ཨུ་ཀྲེན་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ཁོང་རང་ཉིད་ཀྱི་མཚན་ཐོག་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་སྤྲིངས་ཡིག་གནང་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་གི་འཐུས་མི་དང་།རྒྱལ་སྤྱིའི་སྒྲིག་གཞིའི་འགན་ཁུར་བ་དང་ཆེད་རམས་པ་དང་མཁས་དབང་།ཁེ་ལས་མཁས་ཅན་སོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་ནས་ཚང་མས་བློ་བསྡུས་དགེ་འཚོལ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་བཏང་སྟེ་དྲྭ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དྲྭ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་སྐྲུན་རེ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མིག་སྔར་ཆ་འཕྲིན་ལག་རྩལ་མཚོན་བྱེད་དུ་བྱེད་པའི་རེས་གསར་པའི་ཚན་རྩལ་དང་ཐོན་ལས་གསར་བརྗེ་ཐོན་འགོ་ཚུགས་བཞིན་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་ཆབས་ཅིག དྲྭ་སྦྲེལ་འཕེལ་རྒྱས་ཀྱིས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ཀྱི་ཐད་འགྲན་སློང་གསར་པ་མང་པོ་ཞིག་ཀྱང་འཕྲད་ཡོད། སའི་གོ་ལ་ཧྲིལ་པོའི་དྲྭ་སྦྲེལ་བཅོས་སྐྱོང་མ་ལག་བཅོས་བསྒྱུར་བྱ་རྒྱུ་དེ་འགག་རྩའི་དུས་སུ་སླེབས་པ་དང་། དྲྭ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉིན་རེ་བཞིན་ཐུན་མོང་གི་ངོས་འཛིན་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། ང་ཚོས“རྩ་དོན་བཞི”དང“དགོངས་ཚུལ་ལྔ”དར་སྤེལ་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དྲྭ་རྒྱའི་བདག་དབང་ལ་བརྩི་འཇོག་བྱས་ནས་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚང་མའི་དོན་ཆེན་ཚང་མས་མཉམ་དུ་གྲོས་མོལ་བྱས་ནས་སྒྲུབ་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་པ། བཅོས་སྐྱོང་ནང་མཉམ་དུ་ཞུགས་པ། གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་སྤྱོད་རྩ་འཛིན་དང་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་པ་དང་། དྲྭ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་། གྲངས་འཛིན་ཀྲུང་གོ རིག་ལྡན་སྤྱི་ཚོགས་བཅས་བསྐྲུན་ནས་དྲྭ་སྦྲེལ་དང་། གྲངས་གཞི་ཆེན་མོ། མི་ཐབས་ལ་བརྟེན་པའི་རིག་ནུས་དང་དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་དང་སྒུལ་ནུས་གསར་པ་ཆགས་པ་བྱ་དགོས། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དེ་མྱུར་བགྲོད་ལམ་བུའི་ཐོག་སླེབས་ཡོད། ཀྲུང་གོས་རང་ཉིད་ཀྱིས་འབད་བརྩོན་བྱས་པར་བརྒྱུད་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་དྲྭ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་འཁོར་ནང་སྡོད་རྒྱུའི་སྐུལ་འདེད་གཏོང་རེ་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་ཆེ་རུ་གཏོང་བ་ལས་རྒྱག་མི་སྲིད་ཅེས་ནན་བཤད་གནང་བ་རེད།
ཝང་ཧུའུ་ཉིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།
སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཟླ་བ12པའི་ཚེས3ཉིན་ནས་ཚེས5ཉིན་བར་འཚོགས་པ་དང་དེའི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྒོ་འབྱེད་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ—ལག་གདང་སྦྲེལ་ནས་དྲྭ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་དེ་ཡིན་ཞིང་། གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ80ལྷག་ཙམ་གྱི་སྲིད་གཞུང་གི་སྐུ་ཚབ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། དྲྭ་སྦྲེལ་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ། དྲྭ་སྦྲེལ་གྱི་གྲགས་ཅན་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སྐུ་མགྲོན 1500ལྷག་ཙམ་ཚོགས་ཆེན་ནང་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10