གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ་མཚོ་སྔོན་ཟི་ལིང་ དུ་འཚོགས་པ།

    མི་དམངས་དྲ་བ།    2017-12-11

གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ་མཚོ་སྔོན་ཟི་ལིང་ དུ་འཚོགས་པ།

       ཟླ་12ཚེས་6ཉིན། མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་པོ་སྐབས་དང་པོའི་ཐོག དཔྱད་གླེང་འདུ་འཛོམས་ལ་ཞུགས་པའི་གེ་སར་རིག་གནས་ཞིབ་འཇུག་ཆེད་མཁས་དང་མཁས་དབང་། དེ་བཞིན་སྒྱུ་རྩལ་པ་བཅས་ཀྱིས་ལོ་རྒྱུས་མཚོན་པའི་སྙན་ངག་ལོ་རྒྱུས"གསོན་ཉམས་ཅན་དུ་འགྱུར་བ"དང་དེ་བཞིན་ཞིབ་འཇུག་བྱ་ཐབས་དང་སྲུང་སྐྱོང་བྱ་ཐབས་གསར་གཏོད་སྐོར་གཅིག་བསྡུས་བགྲོ་གླེང་བྱས་པ་རེད།
     བམ་པོ་མང་ཞིང་ཡིག་ཚོགས་ཆེ་ལ་ལོ་རྒྱུས་མཚོན་པའི་《གེ་སར་སྒྲུང་》ལ་སྙན་ངག་ཤོ་ལོ་ཀ་ཁྲི་བརྒྱ་ལྷག་དང་། ཡིག་འབྲུ་ཁྲི་གཉིས་སྟོང་ལྷག་ལས་བརྒལ་ཞིང་། འཛམ་གླིང་ཐོག་གི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་པོ་ལྔའི་ཡིག་འབྲུ་བསྡོམས་འབོར་ལས་མང་བ་མ་ཟད། དེའི་ནང་དོན་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 2006ལོར་ཀྲུང་གོའི་གཞུང་ཕྱོགས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོའི་ནང་བཀོད་པ་དང་། 2009ལོར“གེ་སར་ཞེས་པའི་ལོ་རྒྱུས་མཚོན་པའི་སྙན་ངག་སྲོལ་རྒྱུན”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོ་》རུ་བདམས་ཐོན་བྱུང་བ་རེད།
     ཀྲུང་གོའི་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས “སྔོན་ཆད་《གེ་སར་སྒྲུང་》ཞེས་པའི་ལོ་རྒྱུས་མཚོན་པའི་སྙན་ངག་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱེད་པའི་ཁྲོད་དུ་ལས་རིགས་ཁག་གིས་ལོ་རྒྱུས་མཚོན་པའི་སྙན་ངག་རྒྱུན་འཛིན་སྒྱུ་རྩལ་པ་དང་ཡིག་དེབ་མྱུར་སྐྱོབ་བྱེད་རྒྱུ་གཙིགས་སུ་འཛིན་པ་ལས། རིག་གནས་ཁོར་ཡུག་བསྒྱུར་རྒྱུར་སྣང་མེད་བྱས་པས། བྱ་ཐབས་ཁེར་རྐྱང་ཙམ་དུ་གྱུར་པ་རེད” མིག་སྔར་གེ་སར་རིག་གནས་ཀྱི་སྙིང་པོ་ཤེས་རྟོགས་དང་གསར་གཏོད་བྱེད་ཚད་ཇེ་མཐོར་གཏོང་རྒྱུ་གནད་ཆེར་འཛིན་དགོས་པ་མ་ཟད། ཞིབ་འཇུག་བྱ་ཐབས་རྙིང་པ་གསར་གཏོད་ཀྱང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།


གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ་མཚོ་སྔོན་ཟི་ལིང་ དུ་འཚོགས་པ།

     2014ལོའི་ཟླ་8པར་ཀྲུང་གོས་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་ནས་གེ་སར་རིག་གནས་མ་ལག་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཁྱད་ཆོས་ལ་རྐང་པ་བཙུགས་ནས་སྤྱིའི་འཛུགས་སྤེལ་བསམ་བློ་གཏན་འབེབས་བྱས་པ་དང་། སྤྱིའི་མ་དངུལ་འཇོག་གྲངས་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་16.9975ཟིན་པ་དང་། ལས་གཞི་ཕྱོགས་12ཀྱི་ཁེ་རྐྱང་ལས་གཞི་108དང་འབྲེལ་བ་རེད།

     《གེ་སར་སྒྲུང་》ནི་ང་ཚོ་བོད་ཀྱི་ནོར་བུ་ཡིན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་རིག་གནས་རྒྱུ་ནོར་དེ་བས་ཀྱང་རེད། རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་《གེ་སར་སྒྲུང་》ཞེས་པའི་ལོ་རྒྱུས་མཚོན་པའི་སྙན་ངག་གི་རྒྱུན་འཛིན་པ་ཟླ་བ་གྲགས་པ་ཡིས“གེ་སར་རྒྱལ་པོས་ཚོ་བ་མི་འདྲ་བ་དག་གཅིག་གྱུར་གནང་ནས་མི་རིགས་ཁག་ཞི་བདེ་མཛའ་མཐུན་ཡོང་བར་གནང་བ་འདི་ནི་རྒྱུན་འཛིན་དང་དར་སྤེལ་གཏོང་རིན་ཆེན་པོ་ལྡན་པ་ཞིག་རེད”ཅེས་བརྗོད་པ་རེད།
  • ལེ་ཚན་སྔོན་མ།:འཇང་རིགས་ཀྱི་སྟོན་པའི་ཆོས་དཔེ་བྲིས་མ་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ དུ་ཉར་ཚགས་བྱས་པ།
  • ལེ་ཚན་རྗེས་མ།:དྲྭ་རྒྱའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ། ཐུན་མོང་དུ་དྲྭ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་འཁོར་ནང་སྡོད་དགོ
  • དོ་སྣང་ཆེ་བའི་རྩོམ།