མི་དམངས་དྲ་བ། 2017-12-04
མི་སུ་དང་གང་ཞིག་ལ་ཡང་ཕུགས་བསམ་དང་རེ་བ་ཞིག་ཡོད་ལ། ཚང་མར་རང་ཉིད་ཀྱི་ཕུགས་འདུན་རེ་ཡོད། ད་ལྟ། ཚང་མས་ཀྲུང་གོའི་ཕུགས་འདུན་གླེང་མོལ་བྱེད་བཞིན་ཡོད་པ་རེད། ངས་བསམས་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཕུགས་འདུན་རླབས་ཆེ་ཤོས་ཤིག་རེད།
2012ལོའི་ཟླ་11ཚེས་29ཉིན། ཞི་ཅིན་ཕིང་གིས་《བསྐྱར་དར་གྱི་ལམ་བུ་》ཞེས་པའི་འགྲེམས་སྟོན་དུ་ཞུགས་དུས་གསུངས།
ང་ཚོའི་མེས་རྒྱལ་རླབས་པོ་ཆེ་དང་དུས་རབས་རླབས་པོ་ཆེའི་དུས་འདིར་འཚོ་བའི་ཀྲུང་གོའི་མི་དམངས་ལ། ཐུན་མོང་དུ་མི་ཚེའི་མཛེས་སྡུག་ངོམ་པའི་གོ་སྐབས་དང་། ཐུན་མོང་དུ་ཕུགས་འདུན་མངོན་འགྱུར་གྱི་གོ་སྐབས། ཐུན་མོང་དུ་མེས་རྒྱལ་དང་དུས་རབས་ཀྱི་མཉམ་དུ་འཚར་ལོངས་དང་ཡར་ཐོན་ཡོང་བའི་གོ་སྐབས་བཅས་ཡོད། ཕུགས་འདུན་དང་། གོ་སྐབས་ཡོད་ལ། འབད་བརྩོན་ཀྱང་བྱས་ན། མཛེས་སྡུག་ལྡན་རིགས་ཚང་མ་གསར་དུ་གཏོད་ཐུབ།
2013ལོའི་ཟླ་3ཚེས་17ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏུ་གསུངས།
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་འཛམ་གླིང་ལ་ཞི་བདེ་ལས་འཁྲུག་ཟིང་འཁྱེར་ཡོང་བ་མིན། གོ་སྐབས་ཡོང་བ་ལས་འཇིགས་སྐུལ་བྱེད་པ་མིན།
2013ལོའི་ཟླ་5པར། ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་། ཁོ་སི་ཐ་རི་ཁ། མོ་ཞི་ཁོ་བཅས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་མཉམ་འབྲེལ་ཐོག་ཡིག་གི་བཅར་འདྲི་གནང་སྐབས་གསུངས།
རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་མི་རིགས་ཀྱི་བུ་ཕྲུག་ཚོ་མཐུན་སྒྲིལ་ཆེན་པོ་བྱས་ནས་ནུས་ཤུགས་ཡོད་པས་ནུས་ཤུགས་འདོན་པ་དང་། བློ་གྲོས་ཡོད་པས་བློ་གྲོས་འདོན་པ། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་བཅས་བྱས་ན། ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྲིལ་ཐུབ་ངེས་རེད།
2014ལོའི་ཟླ་6ཚེས་6ཉིན། ཞི་ཅིན་ཕིང་གིས་འཛམ་གླིང་གི་ཕྱི་སྡོད་རང་མི་དང་ཕྱིར་སྡོད་ཀྲུང་གོ་བའི་སྤྱི་ཚོགས་ཚོགས་པའི་མཉམ་འབྲེལ་མཛའ་བརྩེའི་ཚོགས་ཆེན་སྐབས་བདུན་པའི་འཐུས་མི་དང་མཇལ་འཕྲད་གནང་དུས་གསུངས།
མི་རྣམས་ཀྱིས་བྱིས་པའི་དུས་ཡུན་ཕྱིར་དྲན་བྱེད་སྐབས་ནི་མཛེས་སྡུག་དང་བརྗེད་ཐབས་མེད་པ་ཞིག་རེད། བྱིས་པའི་དུས་ཀྱང་མི་ཚེའི་ཁྲོད་ཀྱི་ནམ་རྒྱུན་ཕྱིར་དྲན་བྱེད་པའི་དུས་ཚོད་ཅིག་རེད། ངས་ཁྱེད་ཚོ་མཐོང་སྐབས། ང་ཚོའི་མིརིགས་ཀྱི་འབྱུང་འགྱུར་མཐོང་ཤེས་ཀྱི་འདུག རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ནི་མ་འོངས་པར་ཁྱེད་ཚོའི་ལག་ནས་མངོན་འགྱུར་བྱེད་དགོས་ལ། ཁྱེད་ཚོ་ནི་འབྱུང་འགྱུར་གྱི་གཙོ་ཤུགས་དཔུང་སྡེ་དང་སྐྱེས་སྟོབས་ཅན་གྱི་དམག་དཔུང་བཞིན་རེད།
2015ལོའི་ཟླ་6ཚེས་1ཉིན། ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ཚོགས་སྐབས་ནན་བཤད་གནང་།
ཀྲུང་གོའི་ཕུགས་འདུན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ཡིན་ལ། དེ་ནི་ཀྲུང་གོ་བ་ཚང་མའི་ཕུགས་འདུན་རེད། ཀྲུང་གོའི་ཕུགས་འདུན་ནི་ནམ་མཁའི་མེ་ཏོག་དང་ཆུ་ནང་གི་ཟླ་བ་མིན་ལ། དེ་ནི་ཁ་དབུགས་བཞིན་དུ་སྟོང་པ་ཞིག་ཀྱང་མིན། དེའི་གཏིང་ཟབ་པའི་རྨང་གཞི་ནི་ཀྲུང་གོའི་མི་དམངས་ཀྱི་སེམས་ན་ཡོད།
2015ལོའི་ཟླ་9ཚེས་22ཉིན། ཞི་ཅིན་ཕིང་གིས་《ཧྭ་ཨར་ཅའེ་ཉིན་རེའི་ཚགས་པར་ཁང་》གི་བཅར་འདྲི་དང་ལེན་གནང་དུས་གསུངས།
ཕུགས་བསམ་ནི་མི་རེ་ངོ་རེར་དབང་ཡོད་པས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་བསམ་ཕོད་པ་དང་བསྒྲུབ་ཕོད་པ། ཕུགས་བསམ་གྱི་རྗེས་སུ་སྙེགས་ཐུབ་པ་བཅས་བྱེད་དགོས། མཐར་གཏུགས་ནས་བཤད་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལས་རིགས་ཁག་གི་མང་ཚོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱི་ངལ་རྩོལ་ལ་བརྟེན་དགོས།
2016ལོའི་ཟླ་4ཚེས་26ཉིན། ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣ་དང་། ངལ་རྩོལ་མིག་དཔེ། ན་གཞོན་གྱི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས།
ལོ་ངོ་95ཡི་སྔོན་ལ། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་ཕྱིར་བརྩོན་ལེན་བྱས་པ་དང་། རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ཡོང་བའི་རེ་བ་སྐོམ་པ་ཆུ་འདོད་བཞིན་དུ་དྲག་པོར་བྱས་ཡོད། འོན་ཀྱང་། མདུན་ལམ་ནི་ཧ་ཅང་ཉག་ཕྲ་བ་ཞིག་རེད། ད་ལྟའི་དུས་སུ། ང་ཚོ་ནི་ལོ་རྒྱུས་ཐོག་གི་དུས་སྐབས་ནམ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དམིགས་ཡུལ་དང་ཐག་ཉེ་བ་ལ། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་། དམིགས་ཡུལ་འདི་ཉིད་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་དེ་བས་ཆེན་པོ་ཡོད།
2016ལོའི་ཟླ་7ཚེས་1ཉིན། ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུངས།
ལོ་རྒྱུས་ཀྱི་འཁོར་ལོ་ནི་མུ་མཐུད་ནས་མདུན་དུ་བསྐྱོད་པ་རེད། ཕུགས་བསམ་གྱི་ཕ་རོལ་དུ་འབྱོར་བར་བྱེད་དགོས་ན། ང་ཚོས་གཏན་འཁེལ་བའི་བགྲོད་ལམ་དུ་མུ་མཐུད་མདུན་སྐྱོད་བྱེད་དགོས། མི་རབས་རེ་ལ་མི་རབས་རེའི་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་ཡོད་ལ། མི་
རབས་རེ་རེ་བཞིན་གྱིས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོར་བགྲོད་དགོས་པ་རེད། ད་ལྟ། ང་ཚོའི་མི་རབས་འདིའིརྒྱང་སྐྱོད་ནི་"ལོ་བརྒྱ་གཉིས"ཀྱི་འབད་བརྩོན་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་འདི་རེད།
2016ལོའི་ཟླ་10ཚེས་21ཉིན། ཞི་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུངས།
འགན་འཁྲིས་འགན་འཁུར་བཟོད་པའི་འབོད་སྐུལ་བྱེད། འགན་འཁྲིས་མ་འོངས་སྣེ་ཁྲིད་བྱེད་པ་ཡིན། ང་ཚོས་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་ལོ་རྒྱུས་ཀྱི་གདམ་གར་ནོངས་སེམས་སྐྱེས་མི་རུང་བར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞུམ་པ་མེད་པའི་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་འགོ་ཁྲིད་དང་འབད་བརྩོན་ལྷོད་མེད་བྱེད་ཤུགས་སྐུལ་སློང་དང་། བློ་སེམས་གཅིག་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན་པར་བརྗིད་ཉམས་ཀྱི་ནུས་ཤུབས་ཆེན་པོ་འབུལ་བར་བརྩོན་དགོས།
2017ལོའི་ཟླ་10ཚེས་18ཉིན། ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སྒྲོན་ནང་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10