མེ་འཁོར་པ་སེ་སྔོན་འཚོང་གི་དུས་ཚོད་གནས་སྐབས་ལེགས་སྒྲིག་བྱས་པ།

    མི་དམངས་དྲ་བ།    2017-12-04

      ཀྲུང་གོའི་ལྕགས་ལམ་སྐུ་མགྲོན་ཞབས་ཞུ་ལྟེ་གནས་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལྟར་ན། རྒྱ་ཆེའི་ཡུལ་སྐོར་སྐུ་མགྲོན་མང་པོ་ཕྱིར་སྐྱོད་སྟབས་བདེ་ཡོང་བར་བྱེད་ཆེད། ལྕགས་ལམ་པུའུ་ཡིས་ཉེ་དུས་ཀྱི་ལྕགས་ལམ་ལམ་ཐིག་གསར་པ་ཤར་གཏོང་བྱས་པར་གཞིགས་ཏེ་དུས་གཏན་མེ་འཁོར་འཁོར་སྐྱོད་ཀྱི་ལམ་ཐིག་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཡོད་སྟབས། གནས་སྐབས་མེ་འཁོར་པ་སེ་འཚོང་བའི་དུས་ཚོད་ལེགས་སྒྲིག་བྱས་ཏེ། ཟླ་11ཚེས་27ཉིན་ནས་བཟུང་། ཟླ་12ཚེས་25ཉིན་(དུས་གཏན་མེ་འཁོར་ཐོག་མར་གཏོང་བའི་དུས་ཚོད་)དང་དེའི་སྔོན་གྱི་མེ་འཁོར་གཏོང་བའི་པ་སེ་མ་གཏོགས་འཚོང་རྒྱུ་མིན་པ་རེད། ཟླ་12ཚེས་26ཉིན་དང་དེའི་རྗེས་ཀྱི་མེ་འཁོར་པ་སེ་ནི་ཟླ་12པའི་ཟླ་སྟོད་ལ་འཚོང་འཆར་ཡོད་པ་རེད། པ་སེ་འཚོང་བའི་དུས་ཚོད་ཞིབ་ཕྲ་ནི་12306དྲ་ཚིགས་དང་མེ་འཁོར་ས་ཚིགས་ནས་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:བོད་ཡིག་མཉེན་ཆས་གསར་བཟོ་བྱས་ཏེ་ཀྲུང་གོའི་ཚད་གཞི་བཟོས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་སྐད་ཆ་དུམ་བུ་བཅུ།
  • དོ་སྣང་ཆེ་བའི་རྩོམ།