མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་དེབ་ཐོག་མ།

    མི་དམངས་དྲ་བ།    2017-11-29

     ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 《བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་དེབ་》དངོས་སུ་དཔར་འགྲེམས་བྱས་པ་རེད།

     དེ་ནི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་དེབ་ཐོག་མ་དེ་རེད། དེབ་དེའི་ནང་ངག་བརྗོད་དངོས་ཕབ་བྱེད་སྟངས་སྤྱད་དེ་བརྙན་དཔར་དང་། པར་རིས། ཡི་གེ་བཅས་ཀྱི་རྣམ་པར་བརྟེན་ནས་ཆ་ཚང་བ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་རིག་གཞུང་གྲུབ་འབྲས་བཀོད་ཡོད་པས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ལ་དཔྱད་གཞིའི་རིན་ཐང་ཅུང་ཆེན་པོ་ལྡན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་བརྗོད་དངོས་ཕབ་དེབ་》ནི་2013ལོའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཤིག་རེད། ལོ་གསུམ་རྟོག་ཞིབ་བྱས་པ་བརྒྱུད་ཡི་གེ་དང་། པར་རིས། བརྙན་ལམ་བཅས་སྤྱད་དེ་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་22ཀྱི་བཅར་འདྲིའི་དངོས་ཕབ་ཞིབ་ཕྲ་བཀོད་པ་དང་། དེར་བོད་ཀྱི་དམངས་ཁྲོད་མཛེས་རིག་དང་། རོལ་དབྱངས། གླུ་གར། ལྷ་མོ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ནང་དོན་མང་པོ་ཚུད་ཡོད།

    རྣམ་གྲངས་ཀྱི་འགན་འཁུར་བ་ཀྲང་རུའེ་ཡིས“ང་ཚོས་ཐབས་ལམ་སྣ་མང་སྤྱད་དེ་མངོན་མིན་རིག་གནས་ཤུལ་བཞག་རིགས་ཚང་མའི་འབྱུང་ཁུངས་འཕེལ་རྒྱས་དང་། ལོ་རྒྱུས་ཀྱི་ནང་དོན། སྒྱུ་རྩལ་གྱི་རིན་ཐང་། འཕེལ་རྒྱས་འགྲོ་ཚུལ་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། དེབ་དེ་ངག་བརྗོད་རྣམ་པ་བརྒྱུད་སྔར་བས་གོ་བདེ་ལ་ཤེས་སླ་བ་ཞིག་ཡོད་པས་དེ་ནི་ཀུན་ལ་གཏོགས་པའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་རྩོམ་ཞིག”ཅེས་བཤད།

    《བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་དེབ་》ཀྱི་རྨང་གཞིའི་ཐོག་རྣམ་གྲངས་ཚོགས་པས་དུས་ཡུན་སྐར་མ་300ཡི་དངོས་པར་གློག་བརྙན་ཏེ་《བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་》བསྟན་ཡོད། དངོས་པར་གློག་བརྙན་དེར་ཁྱོན་ལེའུ་20ཡོད་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་20ཡི་ངག་བརྗོད་བརྙན་ལམ་དཔྱད་གཞི་བསྡུ་ལེན་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།